འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་ས་ཆ་བསྡུ་ལེན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན། ས་ཆ་བསྡུ་ལེན་ཆ་འཕྲིན་གྱི་ཡོངས་བསྒྲགས་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཆེད་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་ས་ཆ་བསྡུ་ལེན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་བསྐྲུན་ནས་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་སྲུང་སྐྱོང་གང་ལེགས་བྱ་རྒྱུ་ཡིན་པ་རེད།
         ཚེས་30ཉིན། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་པུའུ་ཀྲང་གཞོན་པ་ཝང་ཀོང་ཧྭ་ཡིས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཀྱི་སྲིད་དོན་ཡོངས་བསྒྲགས་དང་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་བགྲོ་གླེང་ཚོགས་འདུའི་ཐོག་ས་ཆ་བསྡུ་ལེན་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུ་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ་སྲིད་དོན་ཡོངས་བསྒྲགས་ཀྱི་གཙོ་གནད་ནང་དོན་ཞིག་ཀྱང་རེད། གཅིག་གྱུར་བཀོད་སྒྲིག་ལྟར་འདི་ལོའི་ཟླ་ལྔ་པ་ནས་བཟུང་། ཧེ་ལུང་ཅང་དང་། ཀྲེ་ཅང་། ཨན་ཧུའེ། སི་ཁྲོན། ཉིང་ཞ་བཅས་ཞིང་ཆེན(རང་སྐྱོང་ལྗོངས)5དང་རྫོང(གྲོང་ཁྱེར་དང་ཆུས)35ལ་གཞི་རིམ་གྱི་ས་ཆ་བསྡུ་ལེན་ཁ་གསབ་བྱེད་པའི་སྲིད་དོན་ཡོངས་བསྒྲགས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཚོད་ལྟའི་ལས་དོན་སྤེལ་ཡོད། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུས་འབྲེལ་ཡོད་ཞིང་ཆེན་རིམ་པའི་རྒྱལ་ཁབ་ས་ཆ་ཐོན་ཁུངས་སྡེ་ཚན་དང་མཉམ་དུ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ས་ཆ་བསྡུ་ལེན་གྱི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་གྱི་འབྲེལ་ཡོད་བླང་བྱ་དང་ཟུང་འབྲེལ་གྱིས་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ཏེ་ཚོད་ལྟའི་གྲུབ་འབྲས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་རེད། ས་ཆ་བསྡུ་ལེན་གྱི་ཁ་གསབ་སྤྲོད་པའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པར་རྩིས་ཐོ་རྙིང་པ་གཙང་མ་བཟོ་བ་དང་རྩིས་ཐོ་གསར་པ་མི་ལུས་པ་བྱས་ཏེ་ཡོངས་བསྒྲགས་བྱེད་དགོས་རིགས་ངེས་པར་དུ་ཡོངས་བསྒྲགས་བྱེད་དགོས། ལོ་རྒྱུས་ཐོག་གནས་པའི་ས་ཆ་བསྡུ་ལེན་གྱི་ཆ་འཕྲིན་འབོར་ཆེན་ཡོངས་བསྒྲགས་ཧུར་ཐག་དང་འོས་འཚམ་བྱེད་དགོས། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུས་རྒྱལ་ཡོངས་ཀྱི་ས་ཆ་བསྡུ་ལེན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་བསྐྲུན་ནས་ས་ཆ་བསྡུ་ལེན་གྱི་ཆ་འཕྲིན་བསྡུ་སྒྲིལ་སྔར་བས་མངོན་འགྱུར་ཡོང་བ་བྱས་ཏེ་སྤེལ་རེས་མཉམ་སྤྱོད་བྱས་ནས་སྤྱི་ཚོགས་ཀྱི་འདྲི་རྩད་ལ་སྟབས་བདེ་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།