འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྲོང་གསེབ་ཀྱི"ས་ཞིང་ཁག་གསུམ"གྱི་སྒྱུར་བཅོས་ཚོད་ལྟའི་དུས་བཅད་ལོ་གཅིག་
    རིང་དུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་31ཉིན། གྲོང་གསེབ་ཀྱི་ས་ཞིང་བསྡུ་ལེན་དང་། མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་སྤྱོད་ཁྲོམ་རར་ཞུགས་པ། ཁང་སའི་དོ་དམ་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་བཅས་ལ་སྔར་བས་སྐུལ་འདེད་གཏིང་ཟབ་གཏོང་ཆེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་31ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབང་ཆ་གནང་བ་ལྟར་པེ་ཅིང་གྲོང་ཁྱེར་ཏ་ཤིང་ཆུས་སོགས་ཚོད་ལྟའི་རྫོང་དང(གྲོང་ཁྱེར་དང་ཆུས)33གྱི་སྲིད་འཛིན་ས་ཁོངས་སུ་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་གནས་སྐབས་ལེགས་སྒྲིག་ལག་བསྟར་དུས་བཅད་རིང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་ཀྱི་སྒྱུར་བཅོས་ཚོད་ལྟ་གསུམ་གྱི་དུས་བཅད་2018ལོའི་ཟླ་12ཚེས་31ཉིན་བར་རིང་དུ་གཏོང་རྒྱུ་ཡིན་པ་རེད།
         རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་པུའུ་ཀྲང་ཅང་ཏ་མིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབང་ཆ་གནང་བ་ལྟར་པེ་ཅིང་གྲོང་ཁྱེར་ཏ་ཤིང་ཆུས་སོགས་ཚོད་ལྟའི་རྫོང་དང(གྲོང་ཁྱེར་དང་ཆུས)33གྱི་སྲིད་འཛིན་ས་ཁོངས་སུ་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་ཀྱི་གནས་སྐབས་ལེགས་སྒྲིག་ལག་བསྟར་དུས་བཅད་རིང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གསལ་བཤད་བྱེད་སྐབས་མིག་སྔར་རང་རྒྱལ་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟ་གསུམ་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད་པ་དང་ས་ཞིང་ཐོན་ཁུངས་སྤྱོད་རྒྱུ་དང་། ཞིང་པའི་ཡོང་འབབ་འཕར་རྒྱུ། ལམ་ལུགས་སྒྱུར་བཅོས་ལ་ཉམས་མྱོང་གསོག་རྒྱུ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཅེས་བཤད།
         2017ལོའི་ཟླ་དགུ་པ་བར་རྒྱལ་ཡོངས་སུ་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་སྤྱོད་577ཁྲོམ་རར་ཞུགས་པའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི་1.03ཟིན་པར་ཁྱོན་རིན་གོང་སྒོར་དུང་ཕྱུར་83ཟིན་ཡོད། དཔེར་ན། ཀྲེ་ཅང་ཏེ་ཆིང་རྫོང་དུ་ས་ཆ་ཁག་136ཁྲོམ་ཞུགས་ཉོ་ཚོང་བྱས་ཟིན་པ་དང་། ཞིང་པ་དང་ཞིང་པའི་མཉམ་སྡེབ་ལ་སྒོར་དུང་ཕྱུར་1.55རག་པ་དང་ཞིང་པ་ཁྲི་9.1ལྷག་ཙམ་ལ་ཕན་པ་ཐོབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་ས་སྤྱོད་ཁྲོམ་ར་འཚོལ་ཞིབ་བྱས་ནས་བསྐྲུན་རྒྱུ་དང་ཞིང་པའི་འབབ་འཕར་ལ་རྨང་གཞི་བརྟན་པོ་བཏིང་ཡོད། དེ་དང་ཆབས་ཅིག ཁང་ས་དོ་དམ་ལམ་ལུགས་སྒྱུར་བཅོས་ཀྱིས་ཞིང་པར་ཁང་ས་ཐོབ་རྒྱུ་འགན་ལེན་དང་། རང་མོས་ངང་རིན་ཡོད་ཁང་ས་ཕྱིར་སློག་བྱ་རྒྱུ། ཁང་ས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་ལ་འཚོལ་ཞིབ་ཧུར་ཐག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།