མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་2ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་ཁྱབ་བསྒྲགས་བྱས་དོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་འདྲེན་གནང་བ་ལྟར། ཨ་མེ་རི་ཁ་མང་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐང་ནཱ་ཏེ·ཐེ་རོམ་ཕུ་ཡིས་ཟླ་11ཚེས་8ཉིན་ནས་ཚེས་10ཉིན་བར་ཀྲུང་གོར་འཚམས་འདྲི་བྱེད་རྒྱུ་རེད། སྐབས་འདིར། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་དང་ཐུན་མོང་དུ་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ལ་དགོངས་འཆར་བརྗེ་རེས་གཏིང་ཟབ་པོ་བྱེད་རྒྱུ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཨ་རིའི་ཕྱོགས་དང་མཉམ་དུ་འབད་བརྩོན་ཆེན་པོ་བྱས་ནས་ཙུང་ཐུང་ཐེ་རོམ་ཕུ་ཀྲུང་གོར་འཚམས་འདྲི་གནང་བ་དང་། ཀྲུང་གོ་དང་ཨ་རི་གཉིས་ཀྱི་འགོ་ཁྲིད་ཀྱིས་ཞལ་འཛོམས་གནང་བར་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་ཧ་ཅང་ཆེན་པོ་སྣོན་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་པ་རེད།