འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིའུ་གཡོད་མན་ཧ་ཏུན་དུ་ལྗིད་ཐེག་རླངས་འཁོར་ཞིག་གིས་མི་ལ་རྡུང་ཁ་བརྒྱབ་པའི་འཇིགས་
    སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་8རྐྱེན་ལམ་དུ་ཤོར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་01ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཉིའུ་གཡོད་མན་ཧ་ཏུན་དུ་ལྗིད་ཐེག་རླངས་འཁོར་ཞིག་གིས་མི་ལ་རྡུང་ཁ་བརྒྱབ་པའི་འཇིགས་
སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་8རྐྱེན་ལམ་དུ་ཤོར་བ། 
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་31ཉིན། ཉིའུ་གཡོད་ཉེན་རྟོག་ཕྱོགས་ཀྱི་གསར་འགྱུར་ལ་གཞིགས་ན། ཉིའུ་གཡོད་མན་ཧ་ཏུན་གྲོང་ཁྱེར་སྨད་རྒྱུད་དུ་ལྗིད་ཐེག་རླངས་འཁོར་ཞིག་གིས་མི་ལ་རྡུང་ཁ་བརྒྱབ་པའི་དོན་རྐྱེན་བྱུང་ཞིང་། ཉིའུ་གཡོད་གྲོང་ཁྱེར་གྱི་འགོ་འཛིན་ཏེ་པུའུ་ལ་ཞི་ཨའོ་ཡིས་དོན་རྐྱེན་འདི་ལས་མི་8རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག་པ་དང་། འདི་ནི་འཇིགས་སྐུལ་འཇབ་རྒོལ་གྱི་བྱ་སྤྱོད་ཅིག་རེད་ཅེས་བརྗོད་པ་རེད།
         ཉིའུ་གཡོད་ཉེན་རྟོག་ཕྱོགས་ཀྱིས་ཐུའེ་ཐེའི་ཐོག་གསར་འགྱུར་སྤེལ་ནས་ཚེས་31ཉིན་གྱི་ཕྱི་དྲོར། ལྗིད་ཐེག་རླངས་འཁོར་ཞིག་མན་ཧ་ཏུན་གྲོང་ཁྱེར་སྨད་རྒྱུད་ཀྱི་འཛམ་གླིང་ཉོ་ཚོང་ལྟེ་བའི་ཉེ་འཁོར་དུ་མི་བགྲོད་ལམ་དང་ལྕགས་རྟ་ལམ་དུ་བསྐྱོད་དེ་མི་མང་པོ་ལ་རྡུང་ཁ་བརྒྱབ་རྗེས་ད་དུང་མུ་མཐུད་དུ་མདུན་དུ་བསྐྱོད་པ་མ་ཟད། ད་དུང་རླངས་འཁོར་གཞན་ཞིག་དང་རྡུང་ཁ་བརྒྱབ་པ་རེད། དེའི་རྗེས་ཁ་ལོ་བས་ལག་ཏུ་འདྲ་བཟོས་མེ་མདའ་ཞིག་བཟུང་ནས་རླངས་འཁོར་ལས་བབས་པ་དང་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་རྨས་སྐྱོན་བཟོས་པ་རེད།
         ཉེན་རྟོག་ཕྱོགས་ཀྱིས་དོགས་གཞི་ཡོད་པའི་མི་དེ་མིག་སྔར་བཀག་སྐྱིལ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
    ༄༅།།ཉིའུ་གཡོད་མན་ཧ་ཏུན་དུ་ལྗིད་ཐེག་རླངས་འཁོར་ཞིག་གིས་མི་ལ་རྡུང་ཁ་བརྒྱབ་པའི་འཇིགས་
སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་8རྐྱེན་ལམ་དུ་ཤོར་བ། 
      

    ཕྱོགས་བསྡུས་གསར་འགྱུར།