འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་གཞུང་ལས་པའི་ཡིག་རྒྱུགས་ནང་མི་ཁྲི་2.8ལྷག་
    ཙམ་བསྡུ་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན་གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་གསལ། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི་2018ལོའི་ལོ་འཁོར་གྱི་གཞུང་ལས་པའི་ཡིག་རྒྱུགས་དང་བསྡུ་བའི་ལས་དོན་སྤེལ་འགོ་ཚུགས་ཉེར་ཡོད། ད་ཐེངས་ཀྱི་རྒྱུགས་བསྡུའི་ནང་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་དང་གཞུང་ལས་པའི་བཅའ་ཁྲིམས་ཀྱི་དོ་དམ་གཞིར་བཟུང་བའི་ཚན་པ་བཅས་120ལྷག་ཙམ་ཞུགས་རྒྱུ་དང་མི་ཁྲི་2.8ལྷག་ཙམ་བསྡུ་རྩིས་ཡོད་པ་རེད།
          མི་སྤྱི་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་བསྡུས་པའི་རྒྱུགས་སྤྲོད་སློབ་མའི་མིང་ཐོ་འགོད་སྟངས་གཙོ་བོ་དྲ་རྒྱའི་ཐོག་ནས་མིང་ཐོ་འགོད་པ་དང་། མིང་ཐོ་འགོད་པའི་དུས་ཚོད་ནི་2017ལོའི་ཟླ་10ཚེས་30ཉིན་ནས་ཟླ་11ཚེས་8ཉིན་བར་ཡིན། སྤྱི་པའི་སློབ་ཚན་ཡིག་རྒྱུགས་2017ལོའི་ཟླ་12ཚེས་10ཉིན་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་གི་གྲོང་ཁྱེར་དང་། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར། ཐད་སྐྱོང་གྲོང་ཁྱེར། གྲོང་ཁྱེར་ཆེ་གྲས་ཁག་བཅས་སུ་དུས་མཉམ་དུ་གཏོང་རྒྱུ་རེད།
         འགན་འཁུར་བས་2017ལོའི་ཟླ་10ཚེས་29ཉིན་ནས་བཟུང་རྒྱུགས་ཐོ་འགོད་མཁན་གྱིས་ཀྲུང་དབྱང་ལས་ཁུངས་དང་དེ་བཞིན་དེའི་ཐད་གཏོགས་ལས་ཁུངས་ཀྱི་2018ལོའི་ལོ་འཁོར་གྱི་གཞུང་ལས་པའི་ཡིག་རྒྱུགས་དང་བསྡུ་བའི་ཆེད་དོན་དྲ་ཚུགས(http://bm.scs.gov.cn/2018)ནང་ཐོ་འགོད་བྱས་ནས་རྒྱུགས་བསྡུའི་སྤྱི་བསྒྲགས་དང་། རྒྱུགས་བསྡུའི་ལས་གནས། ཐོ་འགོད་ཕྱོགས་སྟོན། ཡིག་རྒྱུགས་རྩ་གནད། སྲིད་ཇུས་ཁྲིམས་སྲོལ་སོགས་ཀྱི་ཆ་འཕྲིན་བློ་འདྲི་བྱེད་ཆོག་ཅེས་བཤད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་། མི་སྤྱི་པུའུ། རྒྱལ་ཁབ་གཞུང་ལས་པ་ཅུས་བཅས་ཀྱིས་ད་ཐེངས་ཀྱི་ཡིག་རྒྱུགས་ལ་ཡིག་རྒྱུགས་ཀྱི་ཟུར་ཁྲིད་དཔེ་དེབ་གཏན་འཁེལ་མི་བྱ་རྒྱུ་དང་ལས་ཁུངས་གང་རུང་ཞིག་ལའང་ཡིག་རྒྱུགས་ཟུར་ཁྲིད་གསོ་སྦྱོང་འཛིན་གྲྭ་གཉེར་བའམ་ཡང་ན་མངགས་བཅོལ་མི་བྱ་རྒྱུའི་གསལ་བསྒྲགས་བྱས་པ་རེད། མིག་སྔར་སྤྱི་ཚོགས་ཐོག་ཐོན་པའི་གཞུང་ལས་པའི་ཡིག་རྒྱུགས་བརྗོད་གཞིའི་ཚོགས་ཆུང་དང་། ཡིག་རྒྱུགས་སློབ་གཞིའི་སྒྲིག་རྩོམ་ཨུ་ལྷན། ཀྲུང་དབྱང་གཞུང་ལས་པའི་གཙོ་གཉེར་སྡེ་ཚན་གྱིས་དབང་སྤྲོད་པ་སོགས་ཀྱི་མིང་ཐོག་ནས་གཉེར་བའི་འབྲེལ་ཡོད་གཞུང་ལས་པའི་ཡིག་རྒྱུགས་ཟུར་ཁྲིད་འཛིན་གྲྭ་དང་། ཟུར་ཁྲིད་དྲ་ཚུགས། འགྲེམས་སྤེལ་བྱས་པའི་དཔེ་སྐྲུན་དངོས་པོ་སོགས་ཚང་མ་ད་ཐེངས་ཀྱི་ཡིག་རྒྱུགས་དང་འབྲེལ་བ་མེད་པས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་དོགས་ཟོན་བྱས་ནས་མགོ་སྐོར་མི་ཐེབས་པ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།