འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་སླེབས་སྐབས་ཅང་སུའུ་ཡི་འབྲུ་རིགས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་སྤྱིར་
    ན་འཕྲུལ་ཆས་ཅན་དུ་འགྱུར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན། ཉིན་ཤས་གོང་གསར་འགོད་པར་ཅང་སུའུ་ཞིང་ཆེན་ཞིང་འཕྲུལ་ཅུས་ནས་ཤེས་རྟོགས་བྱུང་བར། ཅང་སུའུ་ཡི་འབྲུ་རིགས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་ལྷུ་ཚིགས་ཆེན་པོ་དྲུག་ཁྲོད་ཀྱི་འཕྲུལ་འདེབས་དང་། འཕྲུལ་བསྡུ། སོག་མ་འཕྲུལ་ཆས་ཅན་གྱི་ས་སློག་རྒྱག་པ་བཅས་ཀྱི་ཆུ་ཚད་མུ་མཐུད་མཐོ་པོ་བྱུང་བ་དང་ཉམས་ཞན་ལྷུ་ཚིགས་ཀྱི་འཕྲུལ་ཆས་ཅན་གྱི་ཆུ་ཚད་བརྟན་པོའི་ངང་འཕར་ནས་སྔོན་དཔག་བྱས་ན་2020ལོར་སླེབས་སྐབས་འབྲུ་རིགས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་སྤྱིར་ན་འཕྲུལ་ཆས་ཅན་དུ་འགྱུར་རྒྱུ་ཡིན་པ་རེད།
         ཅང་སུའུ་ཞིང་ཆེན་ནོར་སྲིད་ཀྱི་འདི་ལོའི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་1.1ཞིང་ཆེན་རིམ་པའི་འབྲུ་རིགས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང་འཛུགས་སྐྲུན་ལ་བཏང་བ་དང་ས་གནས་ནོར་སྲིད་ཀྱིས་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་7.9བཏང་བའི་ནང་དཔེ་སྟོན་རྫོང་34ལ་ས་གནས་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་4.74བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།