འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་མོ་གླང་མའི་སྒར་ས་ཆེན་པོའི་གུར་སྒར་ས་ཕྱིར་འཐེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་27ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་26ཉིན། གསར་འགོད་པས་བོད་ལྗོངས་དིང་རི་རྫོང་ཡུལ་སྐོར་སྡེ་ཁག་ནས་ཤེས་རྟོགས་བྱུང་གསལ། ཇོ་མོ་གླང་མའི་སྒར་ས་ཆེན་པོའི་གུར་སྒར་ས་ཡོངས་སུ་ཕྱིར་འཐེན་བྱ་རྒྱུ་ཡིན་པ་དང་། དེའི་རྗེས་ཇོ་མོ་གླང་མར་ཡུལ་སྐོར་འགྲོ་མཁན་ཡུལ་སྐོར་བ་ཚོར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200ཡོད་པའི་གུར་སྒར་སར་ཞག་སྡོད་བྱེད་ས་མེར་པར་གྱུར་པ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སུ་དགུན་དུས་སླེབས་པར་ཉེ་བ་དང་ཆབས་ཅིག་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་ཉིན་ཞག་དུས་གཉིས་ཀྱི་དྲོད་ཚད་ཀྱི་ཧེ་བག་འགྱུར་བ་ཆེ་རུ་ཕྱིན་པ་དང་། དབྱང་རླུང་ལྡན་ཚད་ཉུང་དུ་སོང་བས། ས་གནས་དེ་གའི་ཡུལ་སྐོར་སྡེ་ཁག་གིས་ཡུལ་སྐོར་བ་ཚོའི་བདེ་འཇགས་ལ་བསམ་གཞིགས་བྱས་ནས་ཡུལ་སྐོར་བས་རང་དགར་གུར་ཁྱེར་ནས་སྒར་སར་ཞག་སྡོད་བྱ་རྒྱུར་གཏན་འགོག་བྱ་རྒྱུ་རེད། སྒར་སར་ཞག་སྡོད་བྱས་ཆོག་པའི་དུས་ཚོད་ལོགས་སུ་བརྡ་སྦྱོར་བྱ་རྒྱུ་རེད།
         ཇོ་མོ་གླང་མའི་སྒར་ས་ཆེན་པོའི་གུར་སྒར་ས་ཕྱིར་འཐེན་བྱས་ནས་ཡུལ་སྐོར་བ་ཚོ་སྒར་སར་ཞག་སྡོད་བྱེད་ཐབས་མེད་པར་གྱུར་ཡང་། ཇོ་མོ་གླང་མའི་མཛེས་ལྗོངས་སྤྱན་གཟིགས་སྔར་བས་ལས་སླ་པོ་བྱེད་ཐུབ་པར་གྱུར་ཡོད།  དེའི་རྒྱུ་མཚན་ནི་དགུན་དུས་ཀྱི་ཇོ་མོ་གླང་མ་ནི་ལོ་ཧྲིལ་པོར་མཐོང་ཐུབ་པའི་རྒྱང་ཚད་ཆེ་ཤོས་ཀྱི་དུས་ཚིགས་ཡིན་ལ། ཧ་ལམ་ཉིན་ལྟར་ཇོ་མོ་གླང་མའི་མཛེས་ལྗོངས་ཡོངས་མཐོང་ཐུབ་པ་རེད། གཞན་ཡང་། ཡུལ་སྐོར་བ་ཚོས་ཇོ་མོ་གླང་མའི་ཞོགས་པ་དང་ས་སྲོས་མཚམས་སྤྲིན་པར་ལེན་འདོད་ན། སྔར་བཞིན་རོང་ཕུ་དགོན་པ་དང་རྒྱའུ་ལའི་ལ་ཁ་གཉིས་ཏེ་ཇོ་མོ་གླང་མར་མཇལ་བར་ཐག་ཅུང་ཉེ་སར་བསྐྱོད་ཆོག་རེད། དེ་དང་དུས་མཉམ་དུ་ས་གནས་དེ་གའི་ཡུལ་སྐོར་སྡེ་ཁག་གིས་གལ་ཏེ་རྒྱའུ་ལའི་ལ་ཁ་ནས་ཞོགས་པའི་ཉི་མ་ཤར་བར་སྤྱན་གཟིགས་བྱེད་འདོད་ན་ངེས་པར་དུ་ཞོགས་པའི་ཆུ་ཚོད་7:00སྔོན་དུ་ལ་ཁར་སླེབས་པར་བྱ་དགོས་ཞེས་དྲན་སྐུལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།