འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་སྲིད་བློན་མའེ་ཏེ་ཝེ་ཅེ་ཧྥུ་ལགས་མི་དམངས་དྲ་བའི་སྐུ་མགྲོན་དུ་ཕེབས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་27ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨུ་རུ་སུའི་སྲིད་བློན་མའེ་ཏེ་ཝེ་ཅེ་ཧྥུ་ལགས་མི་དམངས་དྲ་བའི་སྐུ་མགྲོན་དུ་ཕེབས་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གདན་ཞུ་གནང་བ་ལྟར། ཨུ་རུ་སུ་རྒྱལ་ཕྲན་མནའ་འབྲེལ་སྲིད་གཞུང་གི་སྲིད་བློན་ཏི་མེ་ཐི་ལི་ཨ་ནཱ་ཐའོ་ལི་ཡེ་ཝེ་ཆི་མའེ་ཏི་ཝེ་ཅེ་ཧྥུའུ་(Дмитрий Анатольевич Медведев)ལགས་ཟླ་10ཚེས་31ཉིན་ནས་ཟླ་11ཚེས་2ཉིན་བར་ཀྲུང་གོར་དངོས་གཞི་འཚམས་འདྲི་གནང་བར་ཕེབས་རྒྱུ་ཡིན་པ་དང་། དུས་མཚུངས་སུ། ལི་ཁེ་ཆང་གིས་མའེ་ཏི་ཝེ་ཅེ་ཧྥུ་དང་ལྷན་དུ་ཀྲུང་གོ་དང་ཨུ་རུ་སུའི་སྲིད་བློན་དུས་གཏན་མཇལ་འཛོམས་ཐེངས་22པ་གནང་རྒྱུ་ཡིན་པ་རེད།
          ཟླ་10ཚེས་31ཉིན་གྱི་ཆུ་ཚོད་17:00ཐོག མའེ་ཏི་ཝེ་ཅེ་ཧྥུ་ལགས་གདན་ཞུ་གནང་བ་ལྟར་མི་དམངས་དྲ་བའི་སྐུ་མགྲོན་དུ་ཕེབས་རྒྱུ་ཡིན་ཞིང་། བརྗོད་བྱར"ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་དང་མི་རབས་ནས་མི་རབས་བར་དུ་མཛའ་འབྲེལ་གྱི་རྨང་གཞི་བརྟན་དུ་གཏོང་བ"ཞེས་པ་ནས་ཀྲུང་གོའི་དྲ་གྲོགས་ལྷན་རྒྱས་དང་དྲ་བའི་སྐུད་ལམ་ནས་སྤེལ་རེས་གནང་རྒྱུ་རེད།
          ལོ་བཅུ་ཡི་གོང་ལ། མའེ་ཏི་ཝེ་ཅེ་ཧྥུ་ལགས་ཀྱིས་ཨུ་རུ་སུ་རྒྱལ་ཁབ་ནས་མི་དམངས་དྲ་བའི་སྟོབས་ལྡན་རྒྱལ་ཁབ་གླེང་སྟེགས་བརྒྱུད་ནས་ཀྲུང་གོའི་དྲ་གྲོགས་དང་ཞལ་བརྡ་གནང་སྟེ། ཁོང་གིས་ཁུང་ཙི་དང་ལའོ་ཙི་ཤེས་པ་མ་ཟད། ཁོང་ནི་ཝུ་ལུང་ཇ་འཐུང་རྒྱུར་མཉེས་པ་དང་། ཀྲུང་གོའི་གློག་བརྙན་ལ་དགའ་བ། ད་དུང་ཨུ་རུ་སུའི་མི་ལ་རྒྱ་ཡིག་སྦྱོང་དགོས་པའི་འབོད་སྐུལ་ཡང་གནང་གི་ཡོད་པ་རེད།
          ལོ་བཅུའི་རྗེས་ཀྱི་སྟོན་དུས་འདིར། དྲ་རྒྱའི་ཁ་བརྡ་དེ་མི་དམངས་དྲ་བ་ནས་ཡང་བསྐྱར་སྤེལ་འགོ་ཚུགས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།