མི་དམངས་དྲ་བ།

༄༅།།ཤང་ཀང་དང་ཨའོ་མོན་གྱི་མི་སྣ་ཚོས"ཏང་གི་འཐུས་མིའི་བགྲོད་ལམ"གྱིས་འཐུས་མི་དང་
མང་ཚོགས་བར་གྱི་བར་ཐག་ཉེ་རུ་བཏང་ཡོད་ཅེས་ཚ་གླེང་བྱེད་ཀྱི་ཡོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་19ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཤང་ཀང་གི་ཚགས་པར་ལས་རིགས་གཅིག་པའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀན་ཧོན་ཐེང་གིས་ཤང་ཀང་སྨྱན་སྦྱོར་ལས་ཁུངས་ཀྱི་ཚོགས་ཆེན་བཅུ་དགུ་པའི་གནས་འཕྲིན་སྤེལ་བའི་སྤྲོ་སེམས་ཧ་ཅང་ཆེ་བ་དང་། ཚོགས་ཆེན་གྱིས་ཆེད་དུ"ཏང་གི་འཐུས་མིའི་བགྲོད་ལམ"བཀོད་སྒྲིག་བྱས་པ་ལས་སྒོ་འབྱེད་ཀྱི་སྙིང་སྟོབས་མངོན་པ་དང་གནས་འཕྲིན་ལེགས་སྤེལ་བྱེད་པའི་གོ་སྐབས་དང་ཐབས་ལམ་གསར་སྣོན་བྱས་པ་རེད་ཅེས་བརྗོད་པ་རེད།
         ཐོག་མཐའ་བར་གསུམ་དུ་ཚོགས་ཆེན་བཅུ་དགུ་པར་དོ་ཁུར་བྱེད་པའི་ཤང་ཀང་གི་བསླབ་རྒན་སྨྱན་སྦྱོར་བ་དང་ཨེ་ཤེ་ཡ་གླིང་བརྙན་འཕྲིན་ལས་ཁུངས་ཀྱི་མཐོ་རིམ་སྤྱི་འདོམས་ཟུར་པ་ལིའུ་ལན་ཁྲང་གིས"ཏང་གི་འཐུས་མིའི་བགྲོད་ལམ"གྱི་བརྙན་འཕྲིན་ཐད་གཏོང་ལེ་ཚན་གཟིགས་རྗེས་སུ"གསར་གཏོད། སྒོ་འབྱེད། བློ་གདེང"བཅས་པའི་ཡི་གེ་6གིས་གདེང་འཇོག་བྱས་པ་རེད།
         ཨའོ་མན་ཉིན་རེའི་ཚགས་པར་གྱིས་ལག་ཁྱེར་ཁ་པར་གྱི་མཁོ་མཁན་ཕྱོགས་ལ་དུས་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུའི་གལ་ཆེའི་ནང་དོན་གནད་བསྡུས་བྱས་ཏེ་སྤེལ་བ་དང་། "ཏང་གི་འཐུས་མིའི་བགྲོད་ལམ"གྱི་གནས་འཕྲིན་ཡང་སྤེལ་ནས་"ཏང་གི་འཐུས་མིའི་བགྲོད་ལམ"གྱིས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ལས་ཁུངས་ཀྱིས་ཐད་ཀར་གཞི་རིམ་མདུན་ཕྱོགས་ཀྱི་ཏང་གི་འཐུས་མིར་བཅའ་འདྲི་བྱ་རྒྱུར་ལས་སྟེགས་མཁོ་འདོན་བྱས་འདུག་ཅེས་བསྟན་པ་རེད།
         ཨའོ་མོན་ཀྲུང་ཧྭ་གཞོན་ནུ་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལུའོ་དབྱི་ལུང་གིས་ཚོགས་ཆེན་གྱིས"ཏང་གི་འཐུས་མིའི་བགྲོད་ལམ"ཐོག་མར་བཀོད་སྒྲིག་བྱས་པར་ཧ་ལས་དགའ་སྤྲོ་ཆེན་པོ་བྱུང་ཞིང་། ཁོང་གིས་རྒྱབ་ལྗོངས་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་ཏང་གི་འཐུས་མིར་སྨྱན་སྦྱོར་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་དུ་བཅུག་པ་དེས་འཐུས་མི་དང་མང་ཚོགས་བར་གྱི་བར་ཐག་ཉེ་རུ་བཏང་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།