མི་དམངས་དྲ་བ།

༄༅།།《ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དོན་ཆེན་ཟིན་ཐོ་》དཔེ་སྐྲུན་འགྲེམས་
སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་18ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་དགའ་བསུ་ཞུ་ཆེད། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་《ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དོན་ཆེན་ཟིན་ཐོ》མི་དམངས་དཔེ་སྐྲུན་ཁང་དང་ཀྲུང་གུང་ཏང་གི་ལོ་རྒྱུས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་བྱས་ནས་དཔེ་སྐྲུན་བྱས་ཤིང་། དེ་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་དུ་འགྲེམས་སྤེལ་བྱེད་འགོ་ཚུགས་པ་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་དུས་རིམ་ཁྲོད་སྤྱིར་བཏང་གཏན་ནས་མ་ཡིན་པའི་ལོ་ལྔ་རེད། ལོ་ལྔའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དེང་སྐབས་ཀྱི་འཛམ་གླིང་དང་དེང་རབས་ཀྱི་ཀྲུང་གོའི་འཕེལ་ཕྱོགས་ཆེན་པོ་ཚན་རིག་དང་མཐུན་པའི་ཁོང་དུ་ཆུད་པ་དང་། ལག་ལེན་གྱི་དགོས་འདུན་དང་མི་དམངས་ཀྱི་རེ་འདུན་ལ་བསྟུན་ཏེ་འཐབ་ཇུས་ཀྱི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་ནས་ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་སྤེལ་བཏང་ཐོག་དུས་ཡུན་རིང་པོར་ཐག་གཅོད་བྱ་དགོས་བསམས་ཀྱང་ཐག་གཅོད་བྱས་མེད་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་བྱས་པ་དང་། སྔོན་མར་བསྒྲུབ་དགོས་བསམས་ཀྱང་སྒྲུབ་ཐུབ་མེད་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་པ་རེད།
     《དོན་ཆེན་ཟིན་ཐོ་》ནི་དོན་ཆེན་རེ་རེ་དང་། ལོ་རྒྱུས་ཀྱི་དོན་དངོས་རེ་རེ། སྐོར་གྲངས་རེ་རེ་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་ལག་ལེན་རླབས་པོ་ཆེ་དང་བཏོན་གནང་བའི་བསམ་བློ་གལ་ཆེན་གསར་པ་དང་། ལྟ་བ་གལ་ཆེན་གསར་པ། ཁ་ཚོན་གལ་ཆེན་གསར་པ། བྱ་ཐབས་གལ་ཆེན་གསར་པ་བཅས་རབ་དང་རིམ་པ་ཟིན་འགོད་ཞིབ་ཕྲ་དང་། ལོ་ལྔའི་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་དང་བྱུང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་གཅིག་བསྡུས་སུ་མཚོན་པ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྤེལ། རིག་གནས་འཛུགས་སྤེལ། སྤྱི་ཚོགས་འཛུགས་སྐྱོང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བཅས་དང་། དེ་བཞིན་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་བར་གྱི་ཕྱི་ཕྱོགས་འབྲེལ་བ། ཤང་ཀང་དང་ཨའོ་མོན་སྐོར་གྱི་ལས་དོན་དང་ཐའེ་ཝན་སྐོར་གྱི་ལས་དོན། ཏང་ལེགས་སྐྱོང་བཅས་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་ཕྱོགས་ཡོངས་ནས་གསལ་སྟོན་བཅས་བྱས་པ་རེད། 《དོན་ཆེན་ཟིན་ཐོ་》རྩོམ་སྒྲིག་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སྔར་ལས་བརྟན་པོ་ལྡན་པར་བྱེད་པ་དང་། ཏང་ཡོངས་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཡོངས་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་བྱ་རྒྱུའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གདེང་ཚོད་དང་གཏིང་ཤུགས་ཇེ་ཆེར་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད།