འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།"གློག་ཤུགས་མཁའ་ལམ"གྱི་འཁྱགས་སའི་རྨང་གཞི་རྒྱུན་མཐུད་བརྟན་པོ་བྱུང་ནས་འདི་
    ལོ་དགུན་ཁ་བོད་ལ་གློག་མཁོ་འདོན་འགན་ལེན་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་17ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “གློག་ཤུགས་མཁའ་ལམ”ཞེས་བརྗོད་པའི་མཚོ་བོད་དྲ་སྦྲེལ་ཚྭ་འདམ་གཤོངས་ས་ནས་ལྷ་ས་བར་གྱི་ཐད་རྒྱུག་ལས་གྲྭ་དེ་2011ལོར་སྤྱོད་འགོ་ཚུགས་པ་ནས་ད་བར་ལོ་6འཁོར་སྐྱོད་བརྟན་པོ་བྱས་ཡོད། ལོ་བཤེར་གྱི་གྲུབ་འབྲས་གསར་ཤོས་ལས་མངོན་པ་ལྟར་ན། ལས་གྲྭ་དེའི་ལམ་རྒྱུད་ཀྱི་འཁྱགས་སའི་རྨང་གཞི་རྒྱུན་མཐུད་བརྟན་པོ་བྱུང་བ་དང་ལམ་ཐིག་ཧྲིལ་པོའི་སྤེལ་རྒྱུག་ཐད་རྒྱུག་གློག་གཏོང་གློག་སྒྱུར་གྱི་སྒྲིག་ཆས་འཐུས་སྒོ་ཚང་པོ་ཡོད་པས་འདི་ལོ་དགུན་ཁ་བོད་ལ་གློག་བརྟན་པོའི་ངང་མཁོ་འདོན་འགན་ལེན་ཐུབ་རྒྱུ་ཡིན་པ་རེད།
         མཚོ་བོད་དྲ་སྦྲེལ་ལས་གྲྭ་དེ་ཤར་གྱི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་འགོ་ཚུགས་པ་དང་ནུབ་ཀྱི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནས་མཇུག་བསྡུས་ཏེ་རིང་ཚད་ཧྲིལ་པོར་སྤྱི་ལེ་2530ཡོད་པ་དང་། སྐུད་ལམ་གྱི་ས་བབ་མཐོ་ཤོས་ལ་སྨི་5300ཟིན་པ། ས་བབ་སྨི་4000ཡན་གྱི་ས་ཁུལ་གྱིས་87%བཟུང་ཡོད་པ་བཅས་ནི་ད་བར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་། མཐོ་གྲང་ས་ཁུལ་དུ་བསྐྲུན་པའི་གཞི་ཁྱོན་ཆེ་ཤོས། འཁྱགས་སའི་ཁུལ་བརྒལ་རིང་ཤོས། ཨར་སྐྲུན་གྱི་དཀའ་ཚད་ཆེ་ཤོས་བཅས་ཀྱི་གློག་གཏོང་གློག་སྒྱུར་ལས་གྲྭ་ཞིག་རེད། ལམ་ཐིག་ཧྲིལ་པོར་རྨང་གཞིའི་ལྕགས་སྒྲོམ་1207འཁྱགས་སའི་ཁུལ་དུ་གནས་ཡོད་པ་དེས་རྨང་གཞིའི་བསྡོམས་འབོར་གྱི་15%བཟུང་བ་དང་འཁྱགས་སའི་ས་ཁོངས་ཀྱི་རིང་ཚད་ལ་སྤྱི་ལེ་550ཟིན་པ་དེ་ནི་འཛམ་གླིང་གི་འཁྱགས་སའི་ལས་གྲྭ་འཛུགས་སྐྲུན་ལོ་རྒྱུས་ཐོག་ཨང་དང་པོར་གྱུར་ཡོད་པ་རེད།
         རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིབ་བཤེར་ཉམས་གསོ་ཀུང་སིའི་འཁོར་སྐྱོད་སྲུང་སྐྱོང་ཞིབ་བཤེར་ཉམས་གསོ་པུའི་ཀྲུའུ་རེན་ཚའོ་ཁྲང་རུའེ་ཡིས“ལས་གྲྭའི་རྨང་གཞི་བརྟན་པོ་ཡོང་བ་བྱ་རྒྱུ་ནི་མཚོ་བོད་དྲ་སྦྲེལ་ལས་གྲྭ་འཁོར་སྐྱོད་བདེ་འཇགས་དང་བརྟན་པོ་རྒྱུན་འཁྱོངས་བྱེད་པའི་འགག་རྩའི་རྒྱུ་རྐྱེན་གྲས་ཤིག་རེད”མཚོ་བོད་ས་མཐོའི་འཁྱགས་སར་ཚ་ནུས་ལྡན་པའི་རང་བཞིན་ཞན་པ་དང་། དྲོ་རུ་འགྲོ་བའི་ཚོར་སྣང་སྐྱེན་པ། ཆུ་ཚ་རུ་འགྲོ་ཤུགས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་ཅེས་བརྗོད་པ་རེད། ཚའོ་ཁྲང་རུའེ་ཡིས་མཚོ་བོད་དྲ་སྦྲེལ་ཚྭ་འདམ་གཤོངས་ས་ནས་ལྷ་ས་བར་གྱི་ཐད་རྒྱུག་ལས་གྲྭའི་འཁྱགས་སའི་ས་ཁོངས་ཀྱི་ལྕགས་སྒྲོམ་རྨང་གཞི་བརྟན་པོ་རྒྱུན་འཁྱོངས་ཐུབ་ཆེད་འཛུགས་སྐྲུན་མི་སྣས་ཨར་ལས་འཆར་འགོད་དང་ལས་མཇུག་གི་ཉམས་གསོའི་བརྒྱུད་རིམ་ནང་རྩིག་རྨང་འདིང་བ་སོགས་ལག་རྩལ་ཐད་ཀྱི་བྱ་ཐབས་སྤྱད་པ་བརྒྱུད། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འཁྱགས་སྦོས་ཐེབས་པ་དང་ཆུ་ནང་དིམ་པ་ལས་རྨང་གཞི་བརྟན་པོ་ཡོང་རྒྱུར་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལས་གྲྭ་དེ་སྤྱོད་འགོ་ཚུགས་པ་ནས་བཟུང་། ཞིབ་འཇུག་མི་སྣས་སྐུད་ལམ་གྱི་འཁྱགས་སའི་རྨང་གཞིར་ལྟ་ཞིབ་ཚད་ལེན་དང་བརྟན་པོ་ཡོད་མེད་ཀྱི་ཞིབ་འཇུག་ལས་དོན་རྒྱུན་མཐུད་ངང་སྤེལ་བ་དང་། འཁྱགས་སའི་ས་ཁོངས་ལྕགས་སྒྲོམ་གྱི་རྨང་གཞི་འཁོར་སྐྱོད་བྱ་ཚུལ་གྱི་གཞི་རྩའི་གྲངས་གཞིའི་མཛོད་ཆགས་ཡོད། “ལོ་དྲུག་རིང་གྲངས་གཞིའི་མཛོད་ནང་ཁྱོན་འཁྱགས་ས་རིགས་མི་འདྲ་བའི་དྲོད་ཚད་འགྱུར་ལྡོག་གི་གྲངས་གཞི་ཁག་387དང་བརླན་ཚད་འགྱུར་ལྡོག་གི་གྲངས་གཞི་256བསྡོམས་རྩིས་གསེད་བཀྲོལ་བྱས་པས་གཙོ་གནད་ལྟ་ཞིབ་ཚད་ལེན་ས་ཁོངས་ཀྱི་ལྕགས་སྒྲོམ་60ཡི་རྨང་གཞིའི་འཁྱགས་སར་འཁྱགས་པ་ཐེབས་ཚད་ཁོང་དུ་ཆུད་པ་དང་། ས་བབ་མཐོ་ཚད་མི་འདྲ་བའི་རིགས་ཁག་གི་འཁྱགས་སའི་བང་རིམ་གྱི་དུས་ཚིགས་རང་བཞིན་གྱི་འཁྱགས་ཞུའི་དྲོད་ཚད་གྲངས་གཞི་ཁག་32ལ་དབྱེ་ཞིབ་དང་ལེགས་སྒྲིག”བྱས་ཡོད་ཅེས་ཚའོ་ཁྲང་རུའེ་ཡིས་བརྗོད་ཅིང་། ཁོང་གིས་བར་མཚམས་མི་ཆད་པའི་འཁྱགས་སའི་ལྟ་ཞིབ་ཚད་ལེན་གྱི་ལས་དོན་བསྒྲུབས་པར་བརྟེན་ལས་གྲྭ་འཁོར་སྐྱོད་བདེ་འཇགས་དང་བརྟན་པོ་ཡོང་བའི་འགན་ལེན་ནུས་ལྡན་བྱུང་ཡོད། ཞིབ་འཇུག་ཐོག་ནས་མངོན་པ་ལྟར་ན། མིག་སྔའི་བར་འཁྱགས་སའི་རྨང་གཞིར་དབྱིབས་འགྱུར་ཚད་བརྒལ་གྱི་སྣང་ཚུལ་ཐོན་མེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།