འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་སྡོད་ལས་བརྩོན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་16ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2015ལོའི་ནེ་པ་ལའི“4·25”ས་ཡོམ་ཁྲོད་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཤང་དང་གྲོང་རྡལ་6གི་སྲིད་འཛིན་གྲོང་ཚོ་41ལ་གནོད་འཚེ་ཕོག་པ་དང་། གེགས་བར་བྱུང་རྗེས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། དེ་བཞིན་གཞིས་རྩེ་གྲོང་ཁྱེར་བསྐྱར་སྐྲུན་གཞུང་དོན་ཁང་གིས་གཏན་འཁེལ་བྱས་པའི་དམིགས་ཚད་ལ་གཞིགས་ཏེ། སྐྱིད་གྲོང་རྫོང་གིས་རྒྱལ་ཁབ་དང་ས་གནས་ཀྱི་བསྐྱར་སྐྲུན་མ་དངུལ་ནན་ཏན་དང་ལུགས་མཐུན་ངང་བེད་སྤྱོད་བཏང་ནས། སླར་གསོ་བསྐྱར་སྐྲུན་གྱི་འཆར་གཞི་བཀོད་པའི་ནང་དམངས་སྤྱོད་སྡོད་ཁང་སླར་གསོ་བསྐྱར་སྐྲུན་དང་། གྲོང་ཚོ་ཧྲིལ་པོར་སྐུལ་འདེད། ཁྱད་ལྡན་གྱི་གྲོང་རྡལ་ཆུང་ངུ་། སྡོད་ཁང་མིན་པའི་སྤྱི་པའི་ཁང་པ་བཅས་སླར་གསོ་བསྐྱར་སྐྲུན་ནང་ཚུད་ཡོད་པ་རེད། མིག་སྔར། དུད་ཚང་2207སྐྲུན་འགོ་ཚུགས་པ་དང་། དུད་ཚང་1866ཡི་སྒྲོམ་གཞི་གཙོ་བོ་ལེགས་གྲུབ་ཟིན་པ། དུད་ཚང་1620སྐྲུན་མཇུག་འགྲིལ་བ། དུད་ཚང་1560སྤོས་ཚར་བ་དང་། མ་འཇོག་སྒོར་ཁྲི་1091ལེགས་གྲུབ་ཟིན་ཞིང་། འདི་ནི་གེགས་རྗེས་བསྐྱར་སྐྲུན་ཟིན་པའི་སྐྱིད་གྲོང་གྲོང་རྡལ་གླང་ཆུ་གཙང་པོ་གྲོང་གསར་གྱི་རྣམ་པ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།