འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ཁྲལ་འཛིན་དྲ་ཐོག་ནས་འདུན་ཞུ་ཐུབ་ལ་མྱུར་སྐྱེལ་བརྒྱུད་ནས་ལག་ཏུ་འབྱོར་ཐུབ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་16ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “རྒྱལ་སྲིད་སྤྱི་ཁྱབ་ཁང་རང་མོས་ཚོང་དོན་ཁུལ་གྱི་དཔྱ་ཁྲལ་འཛིན་ཤོག་ལེན་སྤྱོད་དྲ་ཐོག་ནས་འདུན་ཞུ་ཆོག་པའི”སྒྱུར་བཅོས་བྱས་རྗེས་ཀྱི་ཉམས་མྱོང་མཚོ་སྔོན་དུ་ཁྱབ་གདལ་གཏོང་བ་དང་བསྟུན་ནས་ཟླ་གཉིས་ལྷག་ཙམ་བྲེལ་འཚུབ་ངང་ཚོད་ལྟ་འཛུགས་སྐྲུན་བྱས་པའི་མཚོ་སྔོན་ཞིང་ཆེན་རྒྱལ་ཁྲལ་ཅུས་ཀྱི“དྲ་ཐོག་འདུན་ཞུའི་འཛིན་ཤོག”ཚོད་ལྟ་ཉིན་ཤས་གོང་བདེ་བླག་ངང་འཁོར་རྒྱུག་ཐུབ་ནས་ཁྲལ་འཇལ་མཁན་གྱིས་ཆུ་ཚོད་12ནང་དྲ་ཐོག་ནས་འཛིན་བྱང་ལེན་ཐུབ། མིག་སྔར་ཞབས་ཞུའི་བྱ་ཐབས་དེ་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཀྲོའུ། ཟི་ལིང་ཏུང་ཁྲོན་བཟོ་ལས་གླིང་བཅས་སུ་ཚོད་ལྟ་བྱས་པས་ཁྲལ་འཇལ་མཁན་ཁྲི་3ལྷག་ཙམ་ལ་ཕན་པ་བསྐྲུན་ཡོད།
         ད་ཆ་ཁྲལ་འཇལ་མཁན་གྱིས“དྲ་ཐོག་ཁྲལ་གཉེར་ཞབས་ཞུ་ཚོམས་ཆེན”བརྒྱུད་འཛིན་ཤོག་ལེན་སྤྱོད་འདུན་ཞུ་བྱེད་ཆོག ཁྲལ་དོན་མི་སྣས་འདུན་ཞུ་དང་ལེན་དང་ཐག་གཅོད་བྱས་རྗེས་འདུན་ཞུ་བྱས་པའི་འཛིན་བྱང་དེ་སྦྲག་སྲིད་མི་སྣ་བརྒྱུད་བདེ་འཇགས་དང་མགྱོགས་མྱུར་ངང་ཁྲལ་འཇལ་མཁན་གྱི་ལག་ཏུ་སྤྲོད་ཀྱི་ཡོད། རྣམ་པ་དེ་བརྒྱུད་ནས“དྲ་ཐོག་འདུན་ཞུ་དང་། དྲ་ཕྱི་སྐྱེལ་སྤྲོད། ཁྲལ་དོན་ཁང་དུ་སྐྱོད་མི་དགོས་པ། སྟབས་བདེའི་ངང་ཁྲལ་འཛིན་ལེན་ཐུབ་པ”བཅས་བྱུང་བ་མ་ཟད། ཁྲལ་འཇལ་མཁན་གྱི་དུས་ཚོད་དང་མི་ཤུགས་གྲོན་ཆུང་ཡང་བྱེད་ཐུབ།
      

    ཕྱོགས་བསྡུས་གསར་འགྱུར།