འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་ནང་ཁུལ་གྱིས་བོད་རིགས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ།

    དབུལ་པོའི་ངལ་ནུས་ལས་ཐོག་ཏུ་སྐྱོད་པའི"མཐའ་མའི་འགག་གནད"བསལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་16ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སི་ཁྲོན་གྱིས་ཞིང་ཆེན་ནང་ཁུལ་གྱི“7+20”ཡི་བོད་རིགས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ལག་བསྟར་ཤུགས་ཆེན་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་རྣམ་གྲངས་529ལག་བསྟར་བྱེད་འགོ་ཚུགས་ནས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་ཡུན་རིང་བདེ་འཁོད་བཅས་ལ་རོགས་སྐྱོར་ནུས་ལྡན་བྱས་པ་རེད། 2016ལོའི་ཟླ་8པར། སི་ཁྲོན་གྱིས་ཞིང་ཆེན་དེ་ཡོངས་ཀྱིས་བོད་རིགས་ས་ཁུལ་དང་དབྱིས་རིགས་ས་ཁུལ་གྱི་རྫོང་དབུལ་པོར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་ནས་ཞིང་ཆེན་ནང་ཁུལ་གྱིས་བོད་རིགས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་དེ་རེས་སྐོར་གསར་པའི“9+32”བར་རྒྱ་ཆེར་བཏང་བས་བོད་རིགས་ས་ཁུལ་གྱི་རྫོང་དབུལ་པོར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་རེད།
         ཉེ་བའི་ལོ་ཤས་རིང་། ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ཆུས་ཀྱིས་རིམ་རྩིས་བརྒྱབ་ན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.14བཏང་སྟེ་རོང་བྲག་རྫོང་དུ་རོཌ་སྐྱོར་རྣམ་གྲངས་23ལག་བསྟར་བྱས་པ་དེ་དག་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་འཕེལ་རྒྱས། སློབ་གསོ་གསོ་སྦྱོང་། ལས་ཞུགས་ལས་གཏོད་སོགས་ཀྱི་ཐད་དང་འབྲེལ་བ་ཡོད་པ་མ་ཟད། གནད་སྨིན་དབུལ་སྐྱོར་གྱི“མཐའ་མའི་འགག་གནད”ཀྱང་ནུས་ཤུགས་ཡོད་རྒུས་བསལ་ཡོད་པ་རེད།
         དེའི་ཁྲོད་ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ཆུས་ཀྱིས་གནད་སྨིན་སྒྲིག་འཛུགས་དང་གསོ་སྦྱོང་བྱས་ནས་ངལ་ནུས་དབུལ་པོར་བཀོལ་སྤྱོད་རང་བཞིན་གྱི་རྩལ་ནུས་སྣ་ཁ་གཅིག་ཁོང་དུ་ཆུད་པའི་ཐད་ཤུགས་སྣོན་ཆེན་པོ་བརྒྱབ་ཡོད་པ་རེད།
         ཁྲེང་ཧྭ་ཆུས་ཀྱིས་རོང་བྲག་རྫོང་དང་མཉམ་དུ་《ངལ་རྩོལ་ནུས་ཤུགས་གནས་གཏན་འཁེལ་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་འཆར་གཞི་》བཟོས་ཏེ་དགེ་རྒན་དང་སློབ་ཚན་སྒྲིག་འཛུགས་ཞིབ་ཚགས་དང་སློབ་ཁྲིད་དོ་དམ་ནན་པོ་བྱས་ནས་སློབ་མར་དཔྱད་ཞིབ་ཚད་ལོན་རྗེས་སློབ་མཇུག་སྒྲིལ་བའི་ལག་ཁྱེར་སྤྲད་པ་དང་། “སློབ་གྲྭ་དང་ཁེ་ལས”མཉམ་འབྲེལ་གྱི་བྱེད་སྟངས་སྤྱད་དེ་ངལ་ནུས་ལས་གནས་ཐོག་གསོ་སྦྱོང་ཤུགས་ཆེན་བྱས་པ་དང་། རོང་བྲག་གི་སློབ་མ་ཁག་དབྱེ་ནས་སི་ཁྲོན་ཞིང་ཆེན་ཆུ་བེད་ལས་རིགས་ལག་རྩལ་སློབ་གླིང་དང་ཏུའུ་ཅང་གཡན་ཆུ་གློག་སློབ་གྲྭར་གསོ་སྦྱོང་ལ་བཏང་བས་ཚང་མ་ལས་ཞུགས་ཐུབ་ཡོད་པ་རེད།
         “གྲགས་ཅན་དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ”དང“འགྲན་བསྡུར་གྱིས་གསོ་སྦྱོང་གི་ཚབ་བྱེད་པ”སོགས་ཀྱི་བྱེད་སྟངས་གསར་གཏོད་དང་། བཟའ་བཏུང་ཞབས་ཞུའི་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་སོགས་གསོ་སྦྱོང་དང་འགྲན་བསྡུར་གཉེར་ནས་སློབ་ཚན་ཐོག་གི་རིགས་པའི་གཞུང་ལུགས་དག་དངོས་ཡོད་ཀྱི་རྩལ་ནུས་ལ་འགྱུར་བ་བྱས་པ་མ་ཟད། སློབ་ཁྲིད་དང་དངོས་སྦྱོང་གཉིས་ཟུང་འབྲེལ་དམ་ཟབ་ཐུབ་ཡོད་པ་རེད། རོང་བྲག་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་དང་བཟའ་བཏུང་ལས་རིགས་ཅུང་རྗེས་ལུས་ཐེབས་པའི་དོན་དངོས་གནས་ཚུལ་ལ་དམིགས་ནས། བཟའ་བཏུང་ལས་རིགས་ནང་གི་ཕུལ་བྱུང་ཁེ་ལས་ཀྱི་རིམ་པ་དང་པོའི་མ་བྱན་གདན་དྲངས་ཏེ་སློབ་དཔོན་གྱི་འགན་ཁུར་དུ་བཅུག་པ་དང་། བཟའ་བཏུང་ཆེད་ལས་ཀྱི་ཕུལ་བྱུང་སློབ་མ་དང་དགེ་རྒན་དང་དགེ་ཕྲུག་གི“གཅིག་གཏད་གཅིག”གི་རྗེས་སྙེགས་མཛུབ་ཁྲིད་བྱས་ནས་སློབ་མ་ཚོར་དེང་རབས་མ་བྱན་གྱི་ལག་རྩལ་ཁོང་དུ་ཆུད་པ་བྱས་པ་དང་། སློབ་མ་ཡོངས་སྒྲིག་འཛུགས་བྱས་ཏེ་རིགས་ཁག་གི་ཆེད་ལས་ལག་རྩལ་དཔྱད་འདོམས་ཡིག་རྒྱུགས་ནང་ཞུགས་བཅུག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།