འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བདེ་སྐྱིད་སྒྲོལ་མ་ལགས་ཀྱིས་ཏང་གི་
    ཚོགས་ཆེན་ཐེངས་བཅུ་དགུ་པར་ཤིས་ཚིག་ཕུལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བདེ་སྐྱིད་སྒྲོལ་མ་ལགས་ཀྱིས་ཏང་གི་
ཚོགས་ཆེན་ཐེངས་བཅུ་དགུ་པར་ཤིས་ཚིག་ཕུལ་བ།
          མི་དམངས་དྲ་བའི་འཕྲིན། ང་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་བདེ་སྐྱིད་སྒྲོལ་མ་ཡིན་ལ། ང་རང་ཆོས་ལུགས་ཞིབ་འཇུག་གི་ལས་ཀ་འདིར་ཞུགས་ནས་ཕལ་ཆེར་ལོ་30ཙམ་འགོར་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་རིམ་པས་ཆོས་ལུགས་ལས་དོན་ལ་གཙིགས་མཐོང་གལ་ཆེན་གནང་ཡོད། 2016ལོར་འཚོགས་པའི་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོས་ལུགས་རིག་གནས་ནི་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་གྲུབ་ཆ་ཞིག་ཏུ་བརྩིས་ཏེ། ཆོས་ལུགས་ཀྱི་གཞུང་དེ་དུས་རབས་ཀྱི་འཕེལ་རྒྱས་དང་མཐུན་པའི་སྒོ་ནས་དགོངས་འགྲེལ་གནང་དགོས་པའི་བླང་བྱ་གལ་ཆེན་བཏོན། ཁ་ཕྱོགས་དེ་ལ་བསྟུན་ནས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་གཉིས་མཉམ་འབྲེལ་བྱས་ནས་ལོ་རེར་ཆོས་ལུགས་དགོངས་འགྲེལ་སྐོར་གྱི་ཚོགས་འདུ་ཚོགས་བཞིན་ཡོད། ང་ཚོའི་ལས་ཁུངས་ལ་མཚོན་ནའང་། ང་ཚོའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་ལགས་ཀྱིས་གཙོ་འཛིན་འོག་ལོ་རེ་རེར་ཆོས་ལུགས་དགོངས་འགྲེལ་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་སྤེལ་བཞིན་ཡོད། དེ་བས། ང་ཚོས་ལོ་དུ་མའི་རིང་ལ་པར་སྐྲུན་བྱས་པའི་དཔེ་དེབ་དེ་དག་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་པར་ལེགས་སྐྱེས་སུ་ཕུལ་བ་ཡིན། མཐར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བདེ་བླག་ངང་འཚོག་པར་བཀྲ་ཤིས་སྨོན་འདུན་ཞུ་བ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།