འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ནོར་སྲིད་པུས་ཤང་ཀང་དུ་ཨ་སྒོར་དུང་ཕྱུར་20ཡི་བདག་དབང་བུན་འཛིན་འགྲེམས་སྤེལ་
    བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 20:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཉེ་དུས་ནོར་སྲིད་པུས་ཤང་ཀང་དུ་ཨ་སྒོར་དུང་ཕྱུར་20ཡི་བདག་དབང་བུན་འཛིན་འགྲེམས་སྤེལ་བྱ་རྒྱུའི་ཁྲོད་ལོ་ལྔའི་རིང་ཨ་སྒོར་དུང་ཕྱུར་10དང་ལོ་བཅུའི་རིང་ཨ་སྒོར་དུང་ཕྱུར་10འགྲེམས་སྤེལ་བྱ་རྒྱུ་རེད། འགྲེམས་སྤེལ་གྱི་ཞིབ་ཕྲའི་དུས་ཚོད་དེ་འགྲེམས་སྤེལ་མ་བྱས་གོང་ཁྱབ་བསྒྲགས་བྱ་རྒྱུ་དང་། ད་ཐེངས་ཀྱི་ཨ་སྒོར་བདག་དབང་བུན་འཛིན་འགྲེམས་སྤེལ་བྱས་རྗེས་ཤང་ཀང་མཉམ་འབྲེལ་ཉོ་ཚོང་ཁང་དུ་ཁྲོམ་ཞུགས་ཉོ་ཚོང་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།