འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྒྱུན་གཏན་མིན་པའི་ནུས་རྒྱུའི་ཐད་ཚད་བརྒལ་གསར་པ་ཡང་ཡང་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 20:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་ཚུན་རྡོ་གཡམ་སོལ་རླངས་དང་འབར་རུང་འཁྱགས་པ་ནས་སྐམ་ཤས་ཆེ་བའི་བྲག་རྡོ་བར་དུ་རང་རྒྱལ་གྱི་རྒྱུན་གཏན་མིན་པའི་ནུས་རྒྱུའི་འཕེལ་རྒྱས་ལ་ཚད་བརྒལ་ཆེན་པོ་མང་དག་ཅིག་བྱུང་བ་རེད། ཚེས་11ཉིན་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་གཏེར་ཁ་ཐོན་ཁུངས་གསོག་འབིགས་ཞིབ་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཏ་ཝུའེ་ཡིས་ཧྲང་ཧའེ་རུ་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རང་བྱུང་སོལ་རླངས་ཀྱི་ཆུ་འདྲེས་གཏེར་རིགས་གསར་པའི་སྐོར་གྱི་ཡིག་ཐོག་སྙན་ཞུ་ཕུལ་ཏེ་《རང་བྱུང་སོལ་རླངས་ཀྱི་ཆུ་འདྲེས་དངོས་རྫས་རྩད་ཞིབ་ཚད་གཞི་》སྒྲིག་འཛུགས་བྱས་ནས་བཟོ་བཞིན་ཡོད་ཅེས་བཤད་པ་རེད།
           ད་ལོའི་ཟླ་5ཚེས་10ཉིན་རང་རྒྱལ་གྱིས་ལྷོ་མཚོའི་ཧྲེན་ཧུའུ་མཚོ་ཁོངས་ནས་རང་བྱུང་སོལ་རླངས་ཀྱི་ཆུ་འདྲེས་དངོས་རྫས་ཚོད་ལྟའི་སྒོ་ནས་སྔོག་འདོན་བྱས་ཤིང་། ཟླ་7ཚེས་9ཉིན་བར་ཚོད་ལྟའི་སྔོག་འདོན་བྱེད་འགོ་བཙུགས་ཏེ་ཉིན་60བསྟུད་མར་ཚོད་ལྟའི་ངང་མེ་སྤར་བ་དང་། རིམ་རྩིས་བྱས་ན་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་30.9ཟིན་པ། ཉིན་རེར་ཆ་སྙོམས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་5151ཟིན་པ། ཀ་ཝན་འདུས་ཚད་མཐོ་ཤོས་99.5%ཟིན་ཡོད། ཚན་རྩལ་ཐད་ཚད་བརྒལ་རྒྱུན་ཆད་མེད་པར་བྱུང་བ་དང་ཆབས་ཅིག་སྔོན་དཔག་བྱས་ན་2030ལོར་རང་རྒྱལ་གྱི་རང་བྱུང་སོལ་རླངས་ཀྱི་ཆུ་འདྲེས་དངོས་རྫས་ལོ་རེའི་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་10ཟིན་རྒྱུ་རེད།
          ལག་རྩལ་ཐད་ཚད་བརྒལ་བྱུང་བ་དང་ཆབས་ཅིག་རང་ཚུགས་གཏེར་རིགས་ཤིག་ཡིན་པའི་རྡོ་གཡམ་སོལ་རླངས་དེ་རིགས་རང་རྒྱལ་དུ་མངོན་མེད་ནུས་རྒྱུ་ནས་དངོས་ཡོད་ནུས་རྒྱུ་བར་དུ་མཆོང་སྐྱོད་བྱུང་ཡོད། ཀྲང་ཏ་ཝུའེ་ཡིས་2016ལོར་རང་རྒྱལ་ནས་རྡོ་གཡམ་སོལ་རླངས་ཐོན་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་78.82ཟིན་ཡོད། སྔོན་དཔག་བྱས་ན་2017ལོར་ཐོན་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་100ཟིན་རྒྱུ་དེ་ཨ་རི་དང་ཁ་ན་ཏ་རྗེས་ཀྱི་འཛམ་གླིང་ཐོག་གི་ཨང་གསུམ་པ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
          ཉེ་ཆར་རང་རྒྱལ་གྱི་མཚོ་སྔོན་གསེར་ཆེན་གཤོང་སའི་གཏིང་ཚད་3705ཡི་ས་ནས་ཧྲེ་ཧྲི་ཏུའུ་236གི་དྲོད་ཚད་མཐོ་བའི་སྐམ་ཤས་ཆེ་བའི་བྲག་རྡོ་སྤུས་ལེགས་སྔོག་འདོན་ཐུབ་ནས་སྐམ་ཤས་ཆེ་བའི་བྲག་རྡོ་རྩད་ཞིབ་ཀྱི་ལས་དོན་ལ་ཚད་བརྒལ་ཆེན་པོ་བྱུང་བ་རེད།
          ཀྲང་ཏ་ཝུའེ་ཡིས་དམིགས་ཚད་འཆར་གཞིར་གཞིགས་ན། 2020ལོ་ནས་2030ལོ་བར་རང་རྒྱལ་གྱི་སྐམ་ཤས་ཆེ་བའི་བྲག་རྡོ་དེ་ཚོང་ལས་ཅན་དུ་འགྱུར་རེ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།