འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།“བཅུ་པའི་ཚེས་གཅིག”རིང་དངུལ་ཁང་མཉམ་འབྲེལ་གྱི་དྲ་བའི་ཐོག་ཉོ་ཚོང་བྱེད་ཚད་
    སྒོར་དུང་ཕྱུར་ཁྲི་ལས་བརྒལ་ནས་ཚད་གཞི་མཐོ་ཤོས་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 19:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན་ཀྲུང་གོ་དངུལ་ཁང་མཉམ་འབྲེལ་གྱིས“བཅུ་པའི་ཚེས་གཅིག”གི་ངལ་གསོའི་དུས་ཚོད་(ཟླ་10ཚེས་1ནས་8ཉིན་བར)དངུལ་ཁང་མཉམ་འབྲེལ་གྱི་དྲ་བའི་ཐོག་ཉོ་ཚོང་བྱས་པའི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་དང་ངལ་གསོའི་རིང་དངུལ་ཁང་མཉམ་འབྲེལ་གྱི་དྲ་བའི་ཐོག་ཉོ་ཚོང་བྱེད་ཚད་དངུལ་འབོར་སྤྲོ་གསེང་གཟའ་འཁོར་རིང་གི་ཚད་གཞི་མཐོ་ཤོས་བཏོད་ནས་སྒོར་དུང་ཕྱུར་ཁྲི་1.37ཟིན་པ་དང་ཉོ་ཚོང་གྲངས་འབོར་སྒོར་དུང་ཕྱུར་7.28ཟིན་ནས་ཉིན་རེའི་ཆ་སྙོམས་ན་ནིང་གི“བཅུ་པའི་ཚེས་གཅིག”གི་སྤྲོ་གསེང་གཟའ་འཁོར་ལས་36.2%དང་11.7%སོ་སོར་འཕར་ཡོད་པ་རེད།
           འདི་ལོའི“བཅུ་པའི་ཚེས་གཅིག”གི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་མཉམ་དུ་འཁེལ་ནས་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་ངལ་གསོ་ཉིན་8བཞག་པས་ངལ་གསོའི་རིང་གི་འཛད་སྤྱོད་འཕར་ཚད་དང་འཛད་སྤྱོད་རིམ་སྤོར་བྱུང་ཚད་ཚང་མ་དངུལ་ཁང་མཉམ་འབྲེལ་གྱི་ཉོ་ཚོང་ཁྲོད་ནས་གསལ་པོ་མངོན་ཐུབ་ཀྱི་ཡོད།
          ཀྲུང་གོ་དངུལ་ཁང་མཉམ་འབྲེལ་གྲངས་གཞི་དབྱེ་ཞིབ་དཔོན་ཁྲེང་ཧན་གྱིས“སྤྱི་འབོར་ཐོག་ནས་བལྟས་ཚེ་དངུལ་ཁང་མཉམ་འབྲེལ་དྲ་བའི་ཐོག་ཉོ་ཚོང་བྱས་པ་ཚེས་1ནས་7ཉིན་བར་དངུལ་འབོར་སྒོར་དུང་ཕྱུར་ཁྲི་ལས་ཐོག་མར་བརྒལ་ནས་ཉིན་8ནང་ཉོ་ཚོང་བྱེད་ཚད་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་ཁྲི་1.37ཟིན་ཡོད་པ་དང་འཕར་ཚད་ཐོག་ནས་བལྟས་ཚེ་འདི་ལོའི‘བཅུ་པའི་ཚེས་གཅིག’གི་ངལ་གསོའི་རིང་ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་སིལ་ཚོང་དང་བཟའ་འཐུང་ཁེ་ལས་ཀྱི་འཛད་སྤྱོད་དངུལ་འབོར་ཉིན་རེར་ཆ་སྙོམས་དུས་མཚུངས་ལས་འཕར་ཚད་10.7%ཟིན་པ་དང་དངུལ་ཁང་མཉམ་འབྲེལ་གྱི་རྒྱུན་གཏན་རིགས་ཀྱི་འཛད་སྤྱོད་གྲངས་འབོར་ཉིན་རེར་ཆ་སྙོམས་དུས་མཚུངས་ལས་འཕར་ཚད་15%ཟིན་ཡོད་པ་རེད། ཞ་མོན་དང་། ཆིང་ཏའོ། ཨན་ཧུའེ་སོགས་ས་ཆ་ནི་འདི་ལོའི‘བཅུ་པའི་ཚེས་གཅིག’གི་སྤྲོ་གསེང་གཟའ་འཁོར་གྱི་འཛད་སྤྱོད་གྲངས་འབོར་འཕར་ཚད་མགྱོགས་ཤོས་ཀྱི་ས་ཁུལ་ཡིན་པ་དང་ན་ནིང་དུས་མཚུངས་ཀྱི་ཉིན་རེའི་ཆ་སྙོམས་འཕར་ཚད་ལས་50%བརྒལ་ཡོད་པ་རེད”ཅེས་དབྱེ་ཞིབ་བྱས་ནས་བཤད།
          ཞིབ་ཕྲའི་ཐོག་ནས་བལྟས་ཚེ་སྤྲོ་གསེང་གཟའ་འཁོར་གྱི་ངལ་གསོའི་རིང་ཡུལ་མི་ཕྱིར་སྐྱོད་པའི་སྤྲོ་སེམས་སྔར་བས་འཕེལ་ཡོད། ཕྱིར་སྐྱོད་ཁྱབ་ཁོངས་དང་། མཁའ་འགྲུལ། ལྕགས་ལམ། གཞུང་ལམ་སོགས་སྤྱི་སྤྱོད་འགྲིམ་འགྲུལ་གྱི་འགྲུལ་སྐྱེལ་འཛད་སྤྱོད་གྲངས་འབོར་ཉིན་རེར་ཆ་སྙོམས་དུས་མཚུངས་ལས་འཕར་ཚད་52%ཟིན་པའི་ཁྲོད་གཞུང་ལམ་གྱི་སྤ་སེ་འཚོང་བའི་གྲངས་འབོར་དུས་མཚུངས་ལས་69%འཕར་ཡོད་པ་རེད། དངུལ་ཁང་མཉམ་འབྲེལ་གྱི“རིག་སྟོབས་འགྲིམ་འགྲུལ”བཙུགས་པ་ལས་རྒྱལ་ཡོངས་ས་གནས་ཁག་ཏུ་སྐུལ་སྤེལ་མྱུར་པོ་བྱུང་ནས་དངུལ་ཁང་མཉམ་འབྲེལ་གྱི་ལག་ཐོགས་ཁ་པར་ཐོག་ནས་དངུལ་གཏོང་སྤྲོད་བྱས་ཏེ་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་ནང་ཐད་ཀར་སྐྱོད་ཐུབ་པས་གྲོང་མི་གུང་གསེང་རིང་ཕྱིར་སྐྱོད་བྱེད་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད།
    རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་ཡར་སྐུལ་ལས་མགྲོན་ཁང་དང་བཟའ་འཐུང་དང་དེ་བཞིན་བརྒྱ་ཟོག་ཉོ་སྒྲུབ་སོགས་ལས་རིགས་ལ་འཛད་སྤྱོད་འཕར་ཚད་ཁྱབ་ཁོངས་གཞན་ལས་མངོན་གསལ་དོད་པོས་མཐོ་བ་ཡོད་པ་རེད། ཟླ་མཆོད་དུས་ཆེན་རིང་ནང་མི་མཉམ་འཛོམས་དང་ཕྱིར་ཁ་ལག་ཟ་བར་བསྐྱོད་རྒྱུ་དེ་དུས་ཆེན་རིང་གི་བརྗོད་དོན་གཙོ་བོའི་གྲས་ཤིག་ཏུ་གྱུར་ནས་མགྲོན་ཁང་དང་བཟའ་འཐུང་སོགས་འབྲེལ་ཡོད་ལས་རིགས་ལ་འཛད་སྤྱོད་བྱེད་ཚད་འཕར་རྒྱུར་ཡར་སྐུལ་ཐུབ་ཡོད། གྲངས་གཞི་ལས་མངོན་གསལ། “བཅུ་པའི་ཚེས་གཅིག”རིང་མགྲོན་ཁང་རིགས་སུ་འཛད་སྤྱོད་བྱས་པའི་གྲངས་འབོར་ཉིན་རེར་ཆ་སྙོམས་འཕར་ཚད་37%ཟིན་པ་དང་བཟའ་འཐུང་རིགས་སུ་འཛད་སྤྱོད་བྱས་པའི་གྲངས་འབོར་ཉིན་རེར་ཆ་སྙོམས་དུས་མཚུངས་ལས་འཕར་ཚད་22%ཟིན་ནས་བཟའ་འཐུང་དང་ཞག་སྡོད་སོགས་གྲོང་མི་ཡུལ་སྐོར་དུ་སྐྱོད་པ་དང་དེ་བཞིན་ངལ་གསོའི་དུས་ཚོད་རིང་འཛད་སྤྱོད་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
          དངུལ་ཁང་མཉམ་འབྲེལ་གཱ་དང་དེ་བཞིན་དངུལ་ཁང་མཉམ་འབྲེལ་ལག་ཐོགས་ཁ་པར་ནས་དངུལ་གཏོང་སྤྲོད་བྱེད་ཐབས་འཕྲལ་དུ་ཁྱབ་ཐུབ་པ་བྱུང་ནས་གྲོང་མིས་ངལ་གསོའི་དུས་ཚོད་རིང་འཛད་སྤྱོད་བྱེད་པར་དེ་བས་སྤུས་ལེགས་ཀྱི་རིམ་སྤོར་ཞབས་ཞུ་ཉམས་སུ་མྱོང་རྒྱུ་བྱུང་ཡོད། 
         Apple Pay、 Sumsung Pay、 HuaWei Pay、 MiPayདང་HCEཡིས་མཚོན་བྱེད་དུ་བྱེད་པའི་དངུལ་ཁང་མཉམ་འབྲེལ་ལག་ཐོགས་ཁ་པར་ནས་དངུལ་གཏོང་སྤྲོད་བྱེད་པའི་ལས་སྒོ་འཕར་ཚད་མངོན་གསལ་དོད་པོ་ཡོད་པ་དང་ཉིན་རེར་ཆ་སྙོམས་ཉོ་ཚོང་གྲངས་འབོར་དང་དངུལ་གྲངས་དུས་མཚུངས་ལས་སོ་སོར་འཕར་ཚད་19%དང་214%སོ་སོར་ཟིན་ཡོད། དངུལ་ཁང་མཉམ་འབྲེལ་གྱི་རྩ་གཉིས་ཨང་རྟགས་འདི་ལོའི་ལོ་སྟོད་དུ་ཁྱབ་གདལ་བཏང་ཚུན་འཕར་ཚད་མྱུར་པོ་རྒྱུན་འཁྱོངས་ཐུབ་ནས“བཅུ་པའི་ཚེས་གཅིག”རིང་ཉིན་རེའི་ཆ་སྙོམས་ཉོ་ཚོང་གྲངས་འབོར་དང་ཉོ་ཚོང་དངུལ་འབོར་ལྔ་པའི་ཚེས་གཅིག་གི་ངལ་གསོའི་དུས་ཚོད་ལས་ལྡབ་50ཡན་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།