འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མི་སྤྱི་པུའུ་ཡིས་《མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་རིགས་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་
    འཆར་གཞི་》པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 19:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་མི་སྤྱི་པུས་པར་འགྲེམས་བྱས་པའི་《མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་རིགས་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་འཆར་གཞིའི་》(གཤམ་དུ་《བྱ་སྤྱོད་འཆར་གཞི་》ཞེས་བསྡུ་རྒྱུ)ནང་2020ལོར་སླེབས་སྐབས་མི་ཤུགས་ཐོན་ཁུངས་ཞབས་ཞུ་ཐོན་ལས་ཀྱི་གཞི་ཁྱོན་དུང་ཕྱུར་ཁྲི་2ཟིན་རྒྱུ་དང་། རྒྱལ་ཡོངས་སུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་100ཙམ་སྐྱེད་སྲིང་བྱ་རྒྱུ། ཁྱད་ཆོས་ལྡན་པ་དང་། གཞི་ཁྱོན་ལྡན་པ། གསོན་ཤུགས་ལྡན་པ། ཕན་འབྲས་ལྡན་པ་བཅས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་རིགས་ཀྱི་ཐོན་ལས་གླིང་ཁག་གཅིག་སྐྱེད་སྲིང་བྱ་རྒྱུ། ལས་ཀ་དེ་བྱེད་མཁན་མི་སྣ་ཁྲི་60ཟིན་རྒྱུ། སྣེ་འདྲེན་གྱི་ཤེས་ལྡན་མི་སྣ་ཁྲི་1ཙམ་ཟིན་རྒྱུ་རེད་ཅེས་བཏོན་ཡོད།
          《བྱ་སྤྱོད་འཆར་གཞིའི་》ནང་མི་ཤུགས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་དེ་བས་ལེགས་པའི་སྒོ་ནས་སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱེད་པ་དང་ཐོན་ལས་ཀྱི་སྣེ་ཁྲིད་དང་། སྲིད་ཇུས་ཀྱི་རོགས་སྐྱོར། ཁོར་ཡུག་གཏོད་པ་བཅས་གཙོ་གནད་དུ་བྱས་ཏེ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ། མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་ཞུགས་བྱེད་གང་ཐུབ་ཡོང་བ་དང་མི་ཤུགས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་ཆེད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ལེགས་ནུས་ཆེའི་མི་ཤུགས་ཐོན་ཁུངས་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་བཏོན་པ་རེད།
          《བྱ་སྤྱོད་འཆར་གཞིའི་》ནང་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་རིགས་འཕེལ་རྒྱས་གཏོང་བར“ཁྲོམ་རས་གཙོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་སྐུལ་འདེད་གཏོང་བ་དང་། མཉམ་འདྲིས་གསར་གཏོད་བྱེད་པ་དང་གཅིག་སྡུད་འཕེལ་རྒྱས་གཏོང་བ། སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་སྒོ་དབྱེ་མཉམ་ལས་བྱེད་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཆེད་ལས་ཅན་དང་། ཆ་འཕྲིན་ཅན། ཐོན་ལས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་འཛུགས་རྒྱུ་དམིགས་ཚད་དུ་བྱས་ནས་སྤྱི་པའི་ཞབས་ཞུ་འགན་ལེན་ནུས་ལྡན་ཐུབ་པ་དང་གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུ་རིམ་བཞིན་ཆེ་རུ་གཏོང་བ་དང་། ལས་ཞུགས་ལས་གཏོད་ལ་ཞབས་འདེགས་ཞུ་བ་དང་མི་ཤུགས་ཐོན་ཁུངས་གསར་སྤེལ་བཀོད་སྒྲིག་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་རིགས་ཀྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་ཕུལ་ཚད་བརྟན་པོའི་ངང་འཕར་བ་བཅས་ཡོང་བ་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།