འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྟོན་གུང་གསེང་རིང“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ནང་
    འགྲུལ་པ་ཆ་སྙོམས་སྡོད་ཚད་95.3%ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 19:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན་བར་རྒྱལ་སྟོན་གུང་གསེང་གི་འབྲི་ཆུའི་ཟུར་གསུམ་གླིང་གི་མེ་འཁོར་གྱིས་ཁྱོན་འགྲུལ་པ་མི་ཐེངས་ཁྲི་2537དབོར་བ་དེ་དུས་མཚུངས་ལས་མི་ཐེངས་ཁྲི་154དང་6.5%འཕར་བ་མ་ཟད་ཉིན་རེར་ཆ་སྙོམས་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་230.6ཟིན་ནས་འགྲུལ་པ་དབོར་འབོར་གྱིས་རྒྱལ་ཡོངས་ཀྱི་མེ་འཁོར་གྱི་དབོར་ཚད་ཀྱི་བཅུ་ཆ་གཉིས་ཟིན་ཡོད། ཧྲང་ཧའེ་ལྕགས་ལམ་ཅུས་ཀྱིས“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་དུ་འགྲུལ་པ་མི་ཐེངས་ཁྲི་11.9དབོར་བ་དང་ཆ་སྙོམས་སྡོད་ཚད་95.3%ཟིན་ཡོད་པ་རེད།
         ཟླ་9ཚེས་21ཉིན་ནས་བཟུང“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ཆ་7གྱིས་པེ་ཅིང་དང་ཧྲང་ཧའེ་དབར་གྱི་མྱུར་བགྲོད་ལྕགས་ལམ་དུ་ཆུ་ཚོད་རེར་སྤྱི་ལེ་350ཐོག་ནས་གཉེར་སྐྱོང་བྱས་པ་དེས་རང་རྒྱལ་འདི་ཉིད་འཛམ་གླིང་གི་མྱུར་བགྲོད་ལྕགས་ལམ་ཚོང་ལས་ཀྱི་གཉེར་སྐྱོང་མྱུར་ཚད་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་པ་མཚོན་ཡོད། རྒྱལ་སྟོན་གྱི་སྤྲོ་གསེང་གཟའ་འཁོར་རིང“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་དུ་སྡོད་མཁན་ཇེ་མང་དུ་སོང་ནས་མེ་འཁོར་མང་པོར་སྤ་སེ་ཉོ་དཀའ་བར་གྱུར་ཡོད།
         འགྲུལ་པའི་འགྲུལ་སྐྱོད་ལ་འགན་ལེན་བྱ་ཆེད། ཧྲང་ཧའེ་ལྕགས་ལམ་ཅུས་ཀྱིས་རྒྱལ་སྟོན་སྤྲོ་གསེང་གཟའ་འཁོར་གྱི་ཉིན་རེའི་འགྲུལ་རྒྱུན་གྱི་གནས་ཚུལ་ལ་དམིགས་ཏེ་དབོར་འདྲེན་བྱེད་ཤུགས་བཟང་སྒྲིག་བྱས་པ་དང་། གཙོ་གནད་ཐོག་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་དང་འགྲུལ་རྒྱུན་ཅུང་མང་བའི་གྲོང་ཁྱེར་དབར་གྱི་དབོར་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ། འགྲུལ་སྐྱེལ་མེ་འཁོར་ཁྱོན་གཏོང་ཐེངས་1396དང་འཁོར་སྒྲོམ་978མང་དུ་བཏང་བ་བཅས་དབོར་འདྲེན་བྱེད་ཤུགས་ནི་ལོ་སྔོན་མ་དག་གི་རྒྱལ་སྟོན་སྤྲོ་གསེང་གཟའ་འཁོར་རིང་ལས་མང་ཤོས་ཡིན། དེའི་ནང་ཟླ་10ཚེས་8ཉིན་གཅིག་པུར་འགྲུལ་སྐྱེལ་མེ་འཁོར་214མང་དུ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།