འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་སྨན་རྫས་རིག་ཚོགས་ཀྱིས་སྤྱི་དམངས་ཀྱིས་སྨན་གཏོང་བའི་ནོར་འཛོལ་ཆེན་པོ་བཅུ་
    ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 19:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2017ལོའི“རྒྱལ་ཡོངས་ཀྱི་བདེ་འཇགས་སྨན་གཏོང་ཟླ་བ”ཚེས་10ཉིན་པེ་ཅིང་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ཞན་ཙེས་རང་རྒྱལ་གྱི་སྨན་རྫས་ཀྱི་སྟབས་བདེའི་རང་བཞིན་སྤྱིར་ན་ཐག་གཅོད་བྱས་པ་དང་སྨན་རྫས་ཀྱི་སྤུས་ཚད་མཐོ་རུ་དང་སྨན་ནུས་རིམ་བཞིན་ཆེ་རུ་སོང་བ་དང་སྦྲགས། སྨན་གཏོང་བའི་བདེ་འཇགས་དང་ལུགས་མཐུན་ཡིན་མིན་དེ་སྤྱི་དམངས་ཀྱིས་སྨན་གཏོང་བའི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།
          འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོ་སྨན་རྫས་རིག་ཚོགས་ཀྱིས“སྨན་མིན་པ་སྨན་ཡིན་ཁུལ་དུ་བྱས་ནས་གཏོང་བ”དང་། “སྨན་རྫས་སྣ་ཁ་མང་ན་སྨན་ནུས་དེ་བས་ཆེ་བ” “ཀོག་ཧྥེ་དང་། བཏུང་བྱ། འོ་མ་སོགས་གང་བྱུང་གིས་སྨན་གཏོང་བ” “དུག་སྲིན་འགོག་སྨན་གྱིས་ཆམས་པ་གང་རུང་ལ་ཕན་པ་དང་ཚ་བ་གཅོག་ཐུབ་པ” “ན་ཚ་ཡང་ལྗིར་གཞིགས་ནས་རང་དགར་སྨན་གཏོང་ཚད་བརྗེ་བ” “ཁྱིམ་ཚང་གི་སྨན་གསོག་སྒམ་བྱིས་པས་སྙོབ་ཐུབ་སར་འཇོག་པ” “ཐོ་འགོད་མིན་པའི་སྨན་བཏང་ན་གནས་ཚུལ་གཞན་ཐོན་མི་སྲིད་པ” “སྨན་གཏོང་རྒྱུར་ལང་ཤོར་བར་སྣང་ཆུང་བྱེད་པ་དང་གློ་སྨན་དང་། གཉིད་སྨན། ཟུག་གཅོག་སྨན་སོགས་རང་དགར་གཏོང་བ” “སྦྲུམ་མས་སྨན་གཏོང་རྒྱུར་འཇིགས་ནས་སྨན་གཏོང་མི་ཕོད་པ” “རྒྱ་སྨན་ལ་ཞོར་སྐྱོན་མེད་པ”སོགས་སྤྱི་དམངས་ཀྱིས་སྨན་གཏོང་བའི་ནོར་འཛོལ་ཆེན་པོ་བཅུ་ཡོངས་བསྒྲགས་བྱས་པ་རེད།
          སུན་ཞན་ཙེས་སྨན་གཏོང་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་འགན་འཁྲི་ཡིན་ལ། སྤྱི་ཚོགས་ཡོངས་ཀྱིས་བདེ་འཇགས་ངང་སྨན་གཏོང་བའི་འདུ་ཤེས་ཟབ་ཏུ་དང་ཤེས་བྱའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ནད་ཐོག་སྨན་བཅོས་ལ་དམིགས་ཏེ་ནད་ཐོག་ཐབས་ལམ་དོ་དམ་ལ་སྐུལ་འདེད་བཏང་ནས་འབྱུང་རྩ་ནས་ལུགས་དང་མི་མཐུན་པའི་སྨན་གཏོང་སྟངས་ལ་གཏན་འགོག་བྱེད་དགོས་པ། ནད་པར་སྨན་སྤྲོད་སྐབས་སྨན་གྱི་གསལ་བཤད་ཡི་གེའམ་ཡང་ན་སྨན་གཏོང་སྟངས་གཞིར་བཟུང་སྨན་གཏོང་རྒྱུའི་གསལ་བཤད་དང་མཛུབ་ཁྲིད་བྱེད་དགོས་པ་བཅས་ཀྱི་ངོས་འཛིན་བྱས།
      

    ཕྱོགས་བསྡུས་གསར་འགྱུར།