འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་འདི་ལོ་དང་སང་ལོའི་ཀྲུང་གོའི་དཔལ་འབྱོར་
    འཕར་ཚད་ཀྱི་སྔོན་དཔག་ཚད་གཞི་སླར་ཡང་མཐོ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱིས་《འཛམ་གླིང་དཔལ་འབྱོར་གྱི་མ་འོངས་སྔོན་དཔག་སྙན་ཞུ་》གསར་ཤོས་ཡོངས་བསྒྲགས་བྱས་པའི་ནང་དུ་འདི་ལོ་དང་སང་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་ཚད་གཞི་སླར་ཡང་མཐོ་རུ་བཏང་ཡོད་པ་སྟེ། IMFཀྱིས་2017ལོར་ཀྲུང་གོའི་དཔལ་འབྱོར་འཕར་ཚད་6.8%དང་2018ལོར་6.5%ཟིན་རྒྱུའི་སྔོན་དཔག་བྱས་པ་དེ་འདི་ལོའི་ཟླ་བདུན་པར་སྔོན་དཔག་བྱས་པ་དང་བསྡུར་ན་0.1%སོ་སོར་འཕར་ཡོད་པ་རེད།
         སྙན་ཞུའི་ནང་། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་མདུན་ལམ་ལེགས་སུ་ཕྱིན་སྟབས་2017ལོ་དང་2018ལོའི་གོ་ལ་ཧྲིལ་པོའི་GDPའཕར་ཚད་ཀྱི་སྔོན་དཔག་ཚད་གཞི་མཐོ་རུ་འགྲོ་རྒྱུ་ཡིན་པ་དང་། སྔོན་དཔག་ལྟར་ན་2017དང་2018ལོའི་གོ་ལ་ཧྲིལ་པོའི་GDPཁག་སོ་སོར་3.6%དང་3.7%འཕར་རྒྱུ་རེད་ཅེས་འཁོད་ཡོད་པ་དང་། དེ་སྔོན་སྔོན་དཔག་བྱས་པའི་འཕར་ཚད་3.5%དང་3.6%ཡིན་པ་རེད། གཞན་ཡང་། IMFཀྱིས་ཨ་རི་དང་རི་པིན་དང་ཡོ་རོབ་མནའ་འབྲེལ་བཅས་ཀྱི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་ཚད་གཞི་ཡང་མཐོ་རུ་བཏང་ཡོད་པ་རེད།
         IMFཀྱི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན། ཞིབ་འཇུག་པུའི་ཀྲུའུ་རེན་ཨོ་པུའུ་སི་ཐེ་ཧྥེར་ཏེས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོའི་མྱུར་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་གོ་སྐབས་དམ་འཛིན་གྱིས་མིག་སྔའི་ཁོར་ཡུག་ཡག་པོར་བརྟེན་ནས་དཔལ་འབྱོར་འཕར་བའི་གཏིང་ཤུགས་སྔར་བས་སྔོག་འདོན་བྱེད་དགོས་ཞེས་བརྗོད་པ་དང་། ཁོང་གིས་ད་དུང་རྒྱལ་ཁབ་ཁག་གིས་གོ་ལ་ཧྲིལ་པོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་ཉོ་ཚོང་མ་ལག་འཕེལ་རྒྱས་དང་དངུལ་རྩའི་ལྟ་སྐུལ་དོ་དམ་བྱེད་སྟངས་ལེགས་སུ་བཏང་སྟེ། གོ་ལ་ཧྲིལ་པོའི་དངུལ་རྩའི་བདེ་འཇགས་དྲ་བ་སོགས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་འབོད་ཀྱང་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།