འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཅ་ལི་ཧྥུ་ནི་ཡ་མངའ་སྡེ་ཡི་ནགས་ཚལ་ལ་མེ་སྐྱོན་བྱུང་བ་ལས་མི་21རྐྱེན་ལམ་དུ་ཤོར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཅ་ལི་ཧྥུ་ནི་ཡ་མངའ་སྡེ་ཡི་ནགས་ཚལ་ལ་མེ་སྐྱོན་བྱུང་བ་ལས་མི་21རྐྱེན་ལམ་དུ་ཤོར་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ཨ་རིའི་ཅ་ལི་ཧྥུ་ནི་ཡ་མངའ་སྡེ་བྱང་རྒྱུད་ཀྱི་ནགས་ཚལ་ལ་མེ་སྐྱོན་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ཟླ་10ཚེས་11ཉིན། ཅ་ལི་ཧྥུ་ནི་ཡ་མངའ་སྡེ་ཡི་ནགས་ལས་དང་མེ་གསོད་མེ་འགོག་ཅུས་ཀྱིས་ར་སྤྲོད་བྱས་པ་ལྟར་ན། མེ་སྐྱོན་ལས་མི་21རྐྱེན་ལམ་དུ་ཤོར་ཡོད་པ་རེད།
          ཅ་ལི་ཧྥུ་ནི་ཡ་མངའ་སྡེ་ཡི་ནགས་ལས་དང་མེ་གསོད་མེ་འགོག་ཅུས་ཀྱི་འགན་འཛིན་ཁེན་·ཕིན་ལུའོ་ཐི་ཡིས་ཉིན་དེ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐོག མེ་སྐྱོན་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་21ལ་འཕར་ཡོད་པ་དང་། མིག་སྔར། མེ་གསོད་མེ་འགོག་རུ་མི་8000ལྷག་ཙམ་གྱིས་མེ་གསོད་བཞིན་ཡོད་ཅེས་བརྗོད་པ་རེད།
          གནོད་འཚེ་ཕོག་ཁུལ་ཆེས་ཆེ་བའི་སུའོ་ནོ་མཱ་རྫོང་ནས། མི་560གར་སོང་ཆ་མེད་དུ་གྱུར་པ་དང་། མི་11རྐྱེན་ལམ་དུ་ཤོར་ཡོད་པ་རེད།
          ས་གནས་དེ་གའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། འདི་ནི་ཅ་ལི་ཧྥུ་ནི་ཡ་མངའ་སྡེ་ཁོངས་གཏོགས་སུ་བྱུང་བའི་ཆེས་ཚབས་ཆེན་གྱི་ནགས་ཚལ་མེ་སྐྱོན་ཞིག་ཡིན་ལ། མེ་སྐྱོན་ཁེབས་ཚད་སྤྱི་ཆིང་ཁྲི་17ཟིན་པ་དང་། སྡོད་ཁང་3500ལྷག་དང་འཛུགས་སྐྲུན་གཞན་དག་མེ་ཡིས་བསྲེགས་འདུག་ཅེས་བསྟན་ཡོད་པ་རེད། ད་ལྟ། མེ་སྐྱོན་ནི་སྔར་བཞིན་ཅ་ལི་ཧྥུ་ནི་ཡ་མངའ་སྡེ་ཡི་ནཱ་ཕ་དང་། སུའོ་ནོ་མཱ། ཡུ་པཱ། མེན་ཏའོ་ནོ་བཅས་ཀྱི་རྫོང་དུ་འབར་བཞིན་ཡོད་པ་རེད། 
          ས་གནས་དེ་གའི་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་རླུང་ཆེན་གྱི་སྔོན་བརྡ་བཏང་ཡོད་ལ། འབྱུང་འགྱུར་གྱི་ཉིན་འགའ་ལ་རླུང་ཆེན་དང་ཚ་བ་ཆེ་བའི་གནས་གཤིས་བསྟན་ཉེན་ཡོད་པས། མེ་གསོད་ལས་དོན་ལ་དཀའ་ངལ་ཆེ་བར་འགྱུར་རྒྱུ་རེད།
          ཟླ་10ཚེས་8ཉིན་གྱི་ཕྱི་དྲོར། ཅ་ལི་ཧྥུ་ནི་ཡ་མངའ་སྡེ་ཡི་ཅི་ཅིན་ཧྲན་ཁུག་པའི་བྱང་རྒྱུད་ཀྱི་ནགས་ཚལ་དུ་མེ་སྐྱོན་བྱུང་བ་དང་། མངའ་སྡེ་ཡི་འགོ་འཛིན་གྱིས་བཀའ་རྒྱ་བཏང་སྟེ་མངའ་སྡེ་དེ་ཡི་ས་ཁུལ་གཞན་དག་གི་མྱུར་སྐྱོབ་སྟོབས་ཤུགས་ཀྱིས་བྱང་རྒྱུད་ཀྱི་གནོད་སེལ་ལ་རོགས་རམ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།