འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།འབར་མ་ནས་བྷང་ག་ལར་བསྐྱོད་པའི་གྲུ་གཟིངས་ཤིག་ཆུར་ཟགས་ནས་རྐྱེན་ལམ་དུ་ཤོར་བའི་
    མི་གྲངས་12ལ་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། བྷང་ག་ལ་རྒྱལ་ཁབ་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་དུ། ཟླ་10ཚེས་8ཉིན་གྱི་དགོང་མོར། འབར་མ་རྒྱལ་ཁབ་ནས་བྷང་ག་ལ་རྒྱལ་ཁབ་ཏུ་བསྐྱོད་པའི་གྲུ་གཟིངས་ཤིག་ལམ་བར་དུ་ཆུ་ནང་ལ་ཟགས་པས། ད་ལྟ་མི་8སྲོག་སྐྱོབ་བྱེད་ཐུབ་ཡོད་པ་མ་གཏོགས། མི་12ཙམ་གྲོངས་ཡོད་པ་དང་། མི་མང་པོ་ཞིག་ད་དུང་གར་སོང་ཆ་མེད་དུ་གྱུར་འདུག་ཅེས་བརྗོད་ཡོད་པ་རེད།
          ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་སྨྱན་སྦྱོར་ལ། གྲུ་གཟིངས་དེ་ནི་ཚེས་8ཉིན་གྱི་ཆུ་ཚོད་21དང་སྐར་མ་30སྐབས། བྷང་ག་ལ་རྒྱལ་ཁབ་ལྷོ་རྒྱུད་ཀྱི་འབར་མ་དང་འབྲེལ་མཚམས་ཀྱི་གཙང་པོ་ཐོག་ཆུ་ནང་ལ་ཟགས་རེད། ཉེན་རྟོག་པ་ཡིས་ད་ལྟ་བེམ་རོ་12རྙེད་པ་དང་། དེའི་ནང་མི་10ཕྲུ་གུ་ཡིན་ལ། མི་1ནི་སྐྱེས་པ་ཞིག་ཡིན་པ། གཞན་ཞིག་ནི་སྐྱེས་མ་ཞིག་ཡིན་པ་རེད།
          བྷང་ག་ལ་རྒྱལ་ཁབ་ཀྱི་མཚོ་ངོགས་ཉེན་རྟོག་སྲུང་དམག་དང་མཐའ་སྲུང་དམག་དཔུང་གིས་དོན་རྐྱེན་བྱུང་ཡུལ་ནས་འཚོལ་ཞིབ་དང་མྱུར་སྐྱོབ་ལས་དོན་སྤེལ་བ་རེད། བྷང་ག་ལ་ཉེན་རྟོག་ཕྱོགས་ཀྱིས་སྔོན་དཔག་བྱས་ན། ད་དུང་གྲོངས་པའི་མི་གྲངས་མང་དུ་འཕར་རྒྱུ་རེད་ཅེས་བསྟན་པ་རེད།
          འབར་མ་རྒྱལ་ཁབ་ཀྱི་རའོ་ཁའེ་མངའ་སྡེ་རུ་ཟླ་8ཚེས་25ཉིན་ནས་བཟུང་། འཇབ་རྒོལ་དོན་རྐྱེན་མང་དུ་བྱུང་བ་ལས། མི་བརྒྱ་ཕྲག་ལྷག་གྲོངས་ཡོད་པ་རེད། འཇབ་རྒོལ་བྱུང་བ་དེའི་རྗེས་སུ། འབར་མ་ཕྱོགས་ཀྱིས་སྐོར་བཅོམ་བྱ་སྤྱོད་སྤེལ་བ་ལས། ལུའོ་ཞིན་ཡ་མི་མང་པོ་ཞིག་མཐའ་མཚམས་ནས་བྷང་ག་ལ་རྒྱལ་ཁབ་ཏུ་འགྲོ་བའི་གནས་ཚུལ་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།