འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་དྲ་བས་《ཏང་གི་ཚགས་པར་ཉིན་རེ་བཞིན་ཀློག་པ་》ཞེས་པའི་ལེ་ཚན་ཤར་
    གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་28ཉིན། དགའ་སྤྲོ་འཁོལ་བའི་ངང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་ཆེད་མི་དམངས་དྲ་བའི་བརྙན་འཕྲིན་ལེ་ཚན་《ཏང་གི་ཚགས་པར་ཉིན་རེ་བཞིན་ཀློག་པ་(དུས་ཚིགས་དང་པོ་)》དངོས་སུ་ཤར་གཏོང་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 《ཏང་གི་ཚགས་པར་ཉིན་རེ་བཞིན་ཀློག་པ་》ཞེས་པ་ནི་འཕྲིན་སྦྲེལ་དྲ་བའི་ཁྱབ་སྤེལ་བྱ་ཐབས་དང་མཐུན་པ་དང་། ཉིན་དེའི་《མི་དམངས་ཉིན་རེར་ཚགས་པར་》དང་རྒྱལ་ཡོངས་རིམ་པ་ཁག་གི་ཏང་གི་ཚགས་པར་ལ་རིམ་འཕར་འགྲེལ་བཤད་དང་ནང་དོན་ཁྱབ་སྤེལ་བྱས་ཏེ་ཏང་གི་ཚགས་པར་གྱི་ཤོག་རིགས་པར་གཞི་དང་། གློག་རྡུལ་པར་གཞི། བརྙན་འཕྲིན་པར་གཞི་བཅས་མཉམ་གཅིག་ཏུ་བསྒྲིལ་ནས་ཁྱབ་བསྒྲགས་བྱ་རྒྱུར་གྱུར་ཐོག་སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་དངོས་འབྲེལ་ཕན་ཚུན་བསྲེས་པ་མངོན་འགྱུར་བྱས་ནས་དྲ་གྲོགས་ཚོར་གསར་འགྱུར་ཀློག་པ་དང་། ཀྲུང་གོར་ལྟ་བ། གནམ་འོག་ཤེས་རྟོགས་བཅས་བྱེད་དུ་འཇུག་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལེ་ཚན་དུ"དེ་རིང་མྱུར་གཟིགས"དང"ཏང་གི་ཚགས་པར་གསལ་འགྲེལ" "ས་གནས་ཏང་གི་ཚགས་པར་སྤྱི་སྒྲིག་འབྲེལ་མཐུད" "ལོ་རྒྱུས་ཐོག་དེ་རིང་གི་མི་དམངས་ཉིན་རེར་ཚགས་པར" "ཆེད་མཁས་པས་ཏང་གི་ཚགས་པར་ཀློག་པ"སོགས་དུམ་ཚན་སྣ་མང་ཡོད་ཅིང་། རྟོག་བཟོས་ལག་རྩལ་དང་། འགུལ་རིས་ཀྱི་དམིགས་བསལ་ནུས་པ། གཞི་གྲངས་ཆེན་པོར་དབྱེ་ཞིབ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཏང་གི་ཚགས་པར་ཟུར་ཚད་མང་པོའི་ཐོག་ནས་མངོན་གསལ་དང་སྒྲོག་འགྲེལ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།