འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རང་བྱུང་གྲོང་ཚོ་ཁྲི་7.8ལ"སྒུལ་ཤུགས་གློག"སྔ་སྣུར་དུ་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གྲོང་གསེབ་གློག་འདོན་གྱི“མཐའ་མའི་འགག་གནད”སེལ་རྒྱུ་ནི་མི་སེར་ཡོངས་ཀྱི་རེ་སྒུག་ཡིན་པ་རེད། གསར་འགོད་པར་ཚེས་27ཉིན་རྒྱལ་ཁབ་གློག་དྲ་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀུང་སི་དེས་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི“ལོ་གཉིས་འགག་སྒྲོལ་དམག་འཐབ”ཟླ་བ་གསུམ་གྱི་སྔ་སྣུར་དུ་ལེགས་སྒྲུབ་ཐུབ་པར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1423.6བཏང་ནས་ཞིང་ཁའི་འཕྲུལ་ཁྲོན་ཁྲི་153.5ལ་གློག་ཤར་གཏོང་དང་། གྲོང་རྡལ་ཆུང་ངུའི་གློག་དྲ་ཁྲི་6.6སྒྱུར་བཀོད། རང་བྱུང་གྲོང་ཚོ་ཁྲི་7.8ལ་སྒུལ་ཤུགས་གློག་ཤར་གཏོང་བཅས་བྱས་ཡོད་པ་རེད།
          བོད་ལྗོངས་ལྷ་ས་སྙེ་མོ་རྫོང་བྲག་སྐོར་ཤང་བོད་ཁང་གྲོང་ཚོའི་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་སར་སྡོད་པའི་འབྲོག་པ་དབྱངས་ཅན་དབང་མོས“སྔོན་ཆད་ཀྱི‘ལྕི་མེ་དང་སྣུམ་སྒྲོན’ནས་ཐད་ཀར་འབྱོར་འབྲིང་མངོན་འགྱུར་ཐུབ་ཡོད”ཅེས་སེམས་འགུལ་ཐེབས་པའི་ངང་བརྗོད། ས་ཐག་རིང་བའི་ཁར་ལམ་ཡང་མི་བདེ་བས་དབྱངས་ཅན་དབང་མོའི་ཁྱིམ་ཚང་སོགས་དུད་ཚང་གསུམ་གྱིས་དེ་སྔོན་གློག་མེད་པའི་འཚོ་བ་སྐྱེལ་གྱི་ཡོད་མོད། ཅང་སུའུ་ཤུས་ཀྲོའུ་གློག་འདོན་ཀུང་སིའི་རོགས་སྐྱོར་ལ་བརྟེན་ནས་གློག་མེད་འཚོ་བ་མཇུག་སྒྲིལ་ཐུབ་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་ལས་དོན་གྱིས་གྲོང་གསེབ་ཀྱི་གློག་སྤྱོད་དགོས་མཁོ་འཕེལ་བར་བྱས་པ་མ་ཟད་ད་དུང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་ཡང་མཁོ་འདོན་བྱས་ཡོད་པ་རེད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2016ལོ་ཚུན་དུ། རྒྱལ་ཁབ་གློག་དྲ་གསར་དུ་སྒྱུར་བཀོད་བྱས་པའི་ས་ཁུལ་ཁོ་ནའི་གྲོང་གསེབ་ཀྱི་འཕྲུལ་གློག་སྒྲིག་ཆས་དང་ཁྱིམ་སྤྱོད་གློག་ཆས་ཉོ་སྒྲུབ་འཛད་སྤྱོད་གཞི་ཁྱོན་སྒོར་དུང་ཕྱུར་221.4ཟིན་པ་དང་། མ་འཇོག་སྣ་ཚོགས་སྒོར་དུང་ཕྱུར་932.1ལྷག་བཀུག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།