འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་ནུས་པ་མངོན་གསལ་དོད་པོས་
    ཆེ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་གནམ་གཤིས་དམངས་འཚོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད་པ་རེད།
           དེ་ནི་གསར་འགོད་པར་ཚེས་26ཉིན་འཚོགས་པའི་ཤིན་ཧྭ་ཡི་སྟོན་གྲངས་རབ་དང་རིམ་པ་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད། ཚོགས་འདུའི་ཐོག་ཤིན་ཧྭ་གསར་འགྱུར་ཁང་ཀྲུང་གོ་དཔལ་འབྱོར་ཆ་འཕྲིན་ཁང་གིས་སྒྲིག་བཟོ་བྱས་པའི་《2017ལོའི་ཀྲུང་གོ་གནམ་གཤིས་འཕེལ་རྒྱས་ཀྱི་སྟོན་གྲངས་སྙན་ཞུ་》རྒྱལ་ཁབ་ཕྱི་ནང་དུ་ཐོག་མར་ཡོངས་བསྒྲགས་བྱས་པ་རེད།
          ཀྲུང་གོ་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཤིན་ཝུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་སྟོན་གྲངས་130.75ཟིན་པ་དེ་2011ལོ་དང་བསྡུར་ན་30.75འཕར་ཡོད། དེའི་ནང་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་འགན་ལེན་བྱེད་ནུས་ཀྱི་སྟོན་གྲངས་དང་གནམ་གཤིས་གནོད་འཚེའི་ཉེན་ཁ་དོ་དམ་སྟོན་གྲངས་གཉིས་ཀ་འཕར་ཡོད་པ་རེད།
         གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་ནུས་པ་ཆེ་རུ་ཕྱིན་པ་དང་སྦྲགས་རང་རྒྱལ་གྱི་གནམ་གཤིས་དམངས་འཚོའི་ཞབས་ཞུའི་ཆུ་ཚད་ཀྱང་ཟམ་མི་ཆད་པར་འཕར་ཞིང་། 2016ལོར་གནམ་གཤིས་དམངས་འཚོའི་ཞབས་ཞུའི་སྟོན་གྲངས་115.92ཟིན་པ་དང་2011ལོ་ཚུན་གྱི་ལོར་ཆ་སྙོམས་འཕར་ཚད་3%ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།