འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལ་གནོད་འཚེ་
    གཏོང་བར་ཆེད་དོན་ཐོ་འགོད་དང་ལྟ་སྐུལ་མུ་མཐུད་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་12པའི་གོང་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བར་ཆེད་དོན་ཐོ་འགོད་དང་ལྟ་སྐུལ་མུ་མཐུད་ནས་བྱས་ཏེ། ཁྲིམས་འགལ་གྱི་གནད་དོན་ལ་ཐག་གཅོད་རྒྱུར་ལྟ་སྐུལ་དང་སྲུང་སྐྱོང་བྱེད་མཁན་ལ་ཞིབ་བཤེར་ནན་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཡོང་བ་བྱ་རྒྱུ་རེད།
           ད་རེས་ཀྱི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“ཞིབ་དཔྱོད་ལས་དོན་དང་བདེ་ཐང་ཀྲུང་གོ་འཛུགས་སྐྱོང”བྱ་རྒྱུ་དེ་རེད། ཚོགས་འདུའི་ཐོག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའི་ཁོངས་མི་ཅན་ཁྲ་ཀྲང་གཞོན་པ་ལི་རུའུ་ལིན་གྱིས་དེང་སྐབས་ཀྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལ་གནོད་འཚེ་གཏོང་བར་གྱོད་དོན་ཐོ་འགོད་མི་བྱེད་པ་དང་། ཉེས་པ་བསགས་རུང་བདའ་འདེད་མི་གཏོང་བ། ཆད་པས་ཉེས་ཁྲིམས་ཀྱི་ཚབ་བྱེད་པ་སོགས་ཀྱི་གནད་དོན་ས་གནས་ཁག་གཅིག་ཏུ་ད་དུང་ཚད་གཞི་མི་འདྲ་བའི་སྒོ་ནས་ལྷག་གི་ཡོད། 2015ལོར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དུས་ཡུན་ལོ་གཉིས་རིང་གི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལ་གནོད་འཚེ་གཏོང་བར་་ཆེད་དོན་ཐོ་འགོད་དང་ལྟ་སྐུལ་བྱེད་སྒོ་སྤེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བཀོད་སྒྲིག་གསར་པ་བྱས་ཏེ་འདི་ལོ་ནས་2018ལོའི་ཟླ་12པའི་བར་ཆེད་དོན་ཐོ་འགོད་དང་ལྟ་སྐུལ་བྱེད་སྒོ་སླར་ཡང་སྤེལ་རྒྱུ་ཡིན་ཞེས་བཤད།
          ད་རེས་ཀྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལ་གནོད་འཚེ་གཏོང་བར་ཆེད་དོན་ཐོ་འགོད་དང་ལྟ་སྐུལ་བྱེད་སྒོར་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན་པ་རེད། ལི་རུའུ་ལིན་གྱིས་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་རེས་སྐོར་གོང་མའི་ཆེད་དོན་ལྟ་སྐུལ་བྱེད་སྒོའི་ཉམས་མྱོང་སྤྱད་དེ་ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། གྱོད་གཞི་ཚབས་ཆེན་གྱི་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཤུགས་རྐྱེན་ངན་པ་དང་ལྟ་སྐུལ་ལ་བཀག་འགོག་ཆེན་པོ་བཟོ་བའི་གྱོད་གཞིར་གོང་རིམ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་ཕྲའི་གནས་ཚུལ་གཞིར་བཟུང་བསྒྲུབ་རྒྱུར་ལྟ་སྐུལ་བྱས་ནས་ཁྲིམས་འགལ་གནད་དོན་ལ་ལྟ་སྐུལ་ཡོ་བསྲང་ཐུབ་པར་བྱེད་དགོས། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་སོགས་སྡེ་ཚན་ལ་རང་འགུལ་ངང་འབྲེལ་གཏུག་བྱས་ཏེ་ཆེད་དོན་ལྟ་སྐུལ་ཁྲིམས་འཛིན་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཁྲིམས་འཛིན་གྱི་མཉམ་ཤུགས་ཤིག་ཆགས་པར་བརྟེན་ནས་ནུས་པ་ཐོན་པ་དང་ཤུགས་རྐྱེན་ཆེ་བའི་གྱོད་གཞི་ཆེན་པོ་ཁག་གཅིག་ཐག་གཅོད་བྱས་ཏེ་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལ་གནོད་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་ཐུབ་པ་མ་ཟད། ཁྲིམས་འགལ་ཉེས་གསོག་པར་ཆད་པ་ནན་པོ་གཅོད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།