འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རེའི་དམག་དཔུང་གི་དམག་དོན་ལས་རིགས་སློབ་གསོར་སྒྱུར་བཅོས་དངོས་སུ་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་དམག་ཨུད་ཀྱིས་《དམག་དོན་ལས་རིགས་སློབ་གསོའི་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི་》བཀྲམ་སྟེ་རང་རེའི་དམག་དཔུང་གི་དམག་དོན་ལས་རིགས་སློབ་གསོ་སྒྱུར་བཅོས་བྱེད་འགོ་ཚུགས་ཡོད། ད་ཐེངས་ཀྱི་སྒྱུར་བཅོས་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་དམག་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ་དམག་དཔུང་སློབ་གླིང་གི་སློབ་གསོ་དང་། དཔུང་སྡེའི་གསོ་སྦྱོང་ལག་ལེན། དམག་དོན་ལས་རིགས་སློབ་གསོ་བཅས་ཕྱོགས་གསུམ་གཞི་གཅིག་གི་དམག་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མ་ལག་གསར་པ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་སྒྲིག་འཛུགས་དང་ལག་བསྟར་བྱས་ཡོད།
          རང་རེའི་དམག་དཔུང་གི་དམག་དོན་ལས་རིགས་སློབ་གསོ་སྒྱུར་བཅོས་ལ་དུས་བབ་གསར་པའི་འོག་ཏང་གི་དམག་དཔུང་སྟོབས་ཆེ་རུ་གཏོང་བ་དམིགས་ཚད་སྣེ་ཁྲིད་དུ་བྱས་ཏེ་དུས་བབ་གསར་པའི་འོག་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། སློབ་སྦྱོང་རྣམ་པའི་དམག་དཔུང་དང་དམག་སྒར་འཛུགས་སྐྱོང་དང་དམག་དཔུང་ནང་གི་མི་སྣའི་སློབ་སྦྱོང་ནུས་པ་དང་དཔུང་སྡེའི་འཐབ་འཛིང་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་པ། ཕྱོགས་གསུམ་གཞི་གཅིག་གི་དམག་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་གསར་པའི་ཁྲོད་དམག་དོན་ལས་རིགས་སློབ་གསོའི་རྒྱ་སྐྱེད་དང་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གསོ་སྦྱོང་རྣམ་པ་ལེགས་སུ་གཏོང་བ། འཁོར་རྒྱུག་རྣམ་པ་གསར་གཏོད་བྱེད་པ། ལྷན་སྦྱར་ལམ་ལུགས་ལམ་སྲོལ་བཅས་ཞིབ་ཚགས་སུ་དང་ཇུས་གཞི་འགོད་པ་བཅས་ལ་གཙོ་བོ་དམིགས་ནས་དམག་དོན་ལས་རིགས་སློབ་གསོ་སྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། ལག་བསྟར་བྱ་ཐབས་བཅས་བཏོན་ཡོད།
          གསར་འགོད་པས་དམག་ཨུད་གསོ་སྦྱོང་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར། རང་རེའི་དམག་དཔུང་གི་དམག་དོན་ལས་རིགས་སློབ་གསོ་སྒྱུར་བཅོས་བཀོད་སྒྲིག་བྱས་ཚུན་རུ་དཔོན་ཡན་གྱི་དམག་དཔོན་གཙོ་གནད་དུ་བརྩིས་ཏེ་དམག་དོན་ལས་རིགས་སློབ་གསོ་སྒྱུར་བཅོས་ཀྱི་ཕྱོགས་བསྡུས་ཚོད་ལྟ་བྱེད་འགོ་ཚུགས་ཡོད། 2019ལོར་དམག་དོན་ལས་རིགས་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་2020ལོའི་ལོ་མཇུག་གོང་རང་རེའི་དམག་དཔུང་གི་དམག་དོན་ལས་རིགས་སློབ་གསོར་ཐོགས་མེད་ནུས་ཆེའི་དམག་དོན་ལས་རིགས་སློབ་གསོའི་དོ་དམ་ལམ་སྲོལ་གཞི་རྩའི་ཆ་ནས་འཐུས་ཚང་དུ་གཏོང་ཐུབ་པ་དང་། སློབ་རྒྱུས་ལྡན་པ་དང་སློབ་རྒྱུས་མི་ལྡན་པའི་རྒྱུན་མཐུད་སློབ་གསོ་ཟུང་འབྲེལ་བྱེད་པའི་དམག་དོན་ལས་རིགས་སློབ་གསོའི་གསོ་སྦྱོང་རྣམ་པ་གཞི་རྩའི་ཆ་ནས་འཐུས་ཚང་དུ་གཏོང་ཐུབ་པ། མི་སྣ་ཡོངས་དང་། ས་ཁོངས་ཡོངས་ལ་ཁྱབ་པའི་སློབ་སྦྱོང་བྱེད་པའི་ཁོར་ཡུག་གཞི་རྩའི་ཆ་ནས་སྐྲུན་ཐུབ་པ། དམག་དཔུང་ཡོངས་ཀྱི་ལས་རིགས་ལས་གནས་ལ་ཁྱབ་པའི་སློབ་གསོའི་ཐོན་ཁུངས་མ་ལག་གཞི་རྩའི་ཆ་ནས་སྐྲུན་ཐུབ་པ། སྒྲིག་འཛུགས་ཡོད་པའི་སྒོ་ནས་རང་རྟོགས་སློབ་སྦྱོང་དང་ཚེ་གང་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་གཞི་རྩའི་ཆ་ནས་ཆགས་ཐུབ་པ་བཅས་ཀྱི་བརྩོན་ལེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།