འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཏུན་ཧོང་གི་རིག་གནས་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཚོང་དོན་ལ་སྒོར་ཁྲི་7000
    ཙམ་གཏོང་རྒྱུའི་འདོད་འདུན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20དང་21ཉིན་གཉིས་རིང་དར་གོས་ལམ་བུའི་(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཀན་སུའུ་ཏུན་ཧོང་དུ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། མིག་སྔར་རིག་གནས་དངོས་མང་སྟོན་ཚོགས་ཀྱི་བྱེད་སྒོ་གཙོ་བོ་མཇུག་འགྲིལ་བ་དང་། རྒྱལ་ཁབ་51དང་རྒྱལ་སྤྱིའི་རྩ་འཛུགས་3གྱི་སྐུ་མགྲོན་500ལྷག་ཙམ་དང་དེ་བཞིན་འགྲེམས་ཞུགས་ཚོང་པ་དང་། ཉོ་སྒྲུབ་ཚོང་པ། སྐད་གྲགས་ལྡན་པའི་ཁེ་ལས་ཀྱི་འཐུས་མི། འཁྲབ་སྟོན་མི་སྣ་བཅས་2100ལྷག་ཙམ་གྱིས་སྐབས་འདིའི་དངོས་མང་སྟོན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་གཉེར་བར་དཔང་པོ་བྱས་པ་རེད།
           སྐབས་འདིའི་རིག་གནས་དངོས་མང་སྟོན་ཚོགས་རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམས་སྟོན་སྤེལ་རེས་ཐོག་ཨུ་རུ་སུ་དང་ཧན་གོ་སོགས་རྒྱལ་ཁབ་20ཙམ་དང་དེ་བཞིན་རྒྱལ་ནང་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་20ཡི་ཁེ་ལས་500ཞུགས་ཡོད། ཉོ་ཚོང་འདུ་ཚོགས་ལ་འགྲེམས་ཞུགས་ཚོང་པ་དང་ཉོ་སྒྲུབ་ཚོང་པ་སྒྲིག་འཛུགས་བྱས་ནས“གཅིག་ལ་་གཅིག་གཏད”དང“གཅིག་ལ་མང་གཏད”ཀྱིས་ས་གནས་ས་ཐོག་གི་ཉོ་སྒྲུབ་དང་། སྦྲེལ་མཐུད། གྲོས་མོལ། འོས་སྦྱོར་དང་དེ་བཞིན་ཐོན་རྫས་ཡོངས་བསྒྲགས་བྱེད་སྒོ་ཐེངས་124སྤེལ་བར་ཚོང་དོན་ལ་སྒོར་ཁྲི་6752གཏོང་རྒྱུའི་འདོད་འདུན་བྱུང་བ་དང་ས་གནས་ས་ཐོག་ཏུ་བྲིན་ཚོང་བྱེད་ཚད་སྒོར་ཁྲི་823ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།