འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཕྲུག་7ལ་རོགས་སྐྱོབ་བྱེད་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཕྲུག་7ལ་རོགས་སྐྱོབ་བྱེད་ཐུབ་པ།
          མི་དམངས་དྲ་བའི་འཕྲིན། ཨ་ཆེན་གངས་རྒྱབ་ནི་རི་དྭགས་གཙོད་འཚོ་གནས་བྱ་ཡུལ་གལ་ཆེན་ཞིག་ཡིན་ལ། ལོ་ལྟར་གྱི་དབྱར་དུས་སུ་གཙོད་ཁྱུ་མང་པོ་ཞིག་གཙོ་ནག་མཚོ་སོགས་ས་ཆར་གཙོད་ཕྲུག་སྐྱེ་བར་འགྲོ་གི་ཡོད། ཟླ་7པའི་ཟླ་མཇུག་ཏུ་གཙོད་མོས་གཙོད་ཕྲུག་ཁྲིད་ནས་འཚོ་གནས་བྱ་ཡུལ་དུ་ཚུར་ལོག་བྱེད་པ་དང་། ཕར་འགྲོ་ཚུར་འོང་གི་ལམ་ཐག་རིང་ཚད་སྤྱི་ལེ་600ལྷག་ཙམ་ཟིན་གྱི་ཡོད་པ་རེད།
           གནས་སྤོས་བྱེད་རིང་གནོད་སྐྱེལ་སྲོག་ཆགས་ལ་གཡོལ་བ་སོགས་ཀྱིས་རྐྱེན་པས་གཙོད་ཕྲུག་དང་གཙོ་ཁྱུ་ཁ་ཐོར་བའི་ཉེན་ཁ་ཡོད། འདི་ལོའི་ཟླ་7པར་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་གཙོད་ཕྲུག་8གཙོ་ནག་མཚོ་ཉེ་འགྲམ་ནས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་ཁྲིད་པ་རེད།
    ༄༅།།ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཕྲུག་7ལ་རོགས་སྐྱོབ་བྱེད་ཐུབ་པ།
    ༄༅།།ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཕྲུག་7ལ་རོགས་སྐྱོབ་བྱེད་ཐུབ་པ།
      

    ཕྱོགས་བསྡུས་གསར་འགྱུར།