འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུས་བཀག་འཇུག་རྫས་འགྱུར་མཚོན་ཆ་ཡོངས་རྫོགས་སྲེག་བརླག་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་28ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨུ་རུ་སུས་བཀག་འཇུག་རྫས་འགྱུར་མཚོན་ཆ་ཡོངས་རྫོགས་སྲེག་བརླག་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་བརྙན་འཕྲིན་འཕྲིན་ལམ་བརྒྱུད་ནས་ཝུའུ་ཏེ་མུར་ཐེ་སྤྱི་མཐུན་རྒྱལ་ཁབ་ཏུ་གནས་པའི་སྲེག་བརླག་བཟོ་གྲྭར་བཀག་འཇུག་རྫས་འགྱུར་མཚོན་ཆ་ཁག་མཐའ་མ་དེ་སྲེལ་བརླག་གཏོང་རྒྱུའི་བཀའ་རྒྱ་ཕབ་པས། དུས་འདིར་ཨུ་རུ་སུའི་བཀག་འཇུག་རྫས་འགྱུར་མཚོན་ཆ་ཡོངས་རྫོགས་སྲེག་བརླག་བཏང་བ་རེད།
         ཨུ་རུ་སུའི་ཙུང་ཐུང་གི་དྲ་ཚིགས་ནས་སྤེལ་བའི་གསར་འགྱུར་ལ་གཞིགས་ན། ཉིན་དེར་ཕུའུ་ཅིང་གིས་རྫས་འགྱུར་མཚོན་ཆ་སྲེག་བརླག་གཏོང་བའི་ལས་དོན་མཇུག་བསྒྲིལ་རྗེས་སུ། སུའུ་ལེན་དུས་སྐབས་ནས་བཟུང་ཨུ་རུ་སུར་རྫས་འགྱུར་མཚོན་ཆ་འབོར་ཆེན་བཀག་འཇུག་བྱས་ཡོད་པ་དང་། ཆེད་མཁས་པས་རྫས་འགྱུར་མཚོན་ཆ་འདི་དག་གིས་སའི་གོ་ལའི་ཐོག་གི་སྐྱེ་དངོས་མེད་པར་ཐེངས་མང་ཏན་ཏན་བྱེད་ཐུབ་ཅེས་བརྗོད་པ་རེད། ད་ལྟ་ཨུ་རུ་སུ་ཡིས་བཀག་འཇུག་རྫས་འགྱུར་མཚོན་ཆ་ཡོངས་རྫོགས་སྲེག་བརླག་བཏང་ཟིན་པས། 《རྫས་འགྱུར་མཚོན་ཆ་བཀག་སྡོམ་སྤྱི་ཆིངས》ནང་གི་གཙོ་གལ་ཆེ་བའི་ལས་འགན་ལེགས་འགྲུབ་བྱས་ཡོད། འདི་ནི་འཛམ་གླིང་སྔར་ལས་བདེ་འཇགས་དང་དོ་སྙོམས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།
         1993ལོར་ཨུ་རུ་སུ་ཡིས་《རྫས་འགྱུར་མཚོན་ཆ་བཀག་སྡོམ་སྤྱི་ཆིངས་》ལ་མིང་རྟགས་བཀོད་པ་དང་། 1997ལོར་《རྫས་འགྱུར་མཚོན་ཆ་བཀག་སྡོམ་སྤྱི་ཆིངས་》ལ་དངོས་སུ་ནུས་པ་ཐོན་པ་རེད། འབྲེལ་ཡོད་བླང་བྱར་གཞིགས་ན། ཨུ་རུ་སུས་བཀག་འཇུག་རྫས་འགྱུར་མཚོན་ཆ་ཏུན་ཁྲི་4ལ་ཉེ་བ་ཡོངས་རྫོགས་སྲེག་བརླག་གཏོང་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།