མི་དམངས་དྲ་བ།

༄༅།།ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པས་ཨ་རི་དང་མཉམ་དུ་ཙུང་ཐུང་ཐེ་རོམ་ཕུ་ལོ་འདིའི་ནང་
དུ་ཀྲུང་གོར་འཚམས་འདྲི་གནང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་འགན་
ལེན་ཏན་ཏིག་བྱེད་འདོད་ཡོད་ཅེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་28ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པས་ཨ་རི་དང་མཉམ་དུ་ཙུང་ཐུང་ཐེ་རོམ་ཕུ་ལོ་འདིའི་ནང་
དུ་ཀྲུང་གོར་འཚམས་འདྲི་གནང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་འགན་
ལེན་ཏན་ཏིག་བྱེད་འདོད་ཡོད་ཅེས་བསྟན་པ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ལུའུ་ཁང་གིས་ཀྲུང་ཨའི་བར་མཐོ་རིམ་གྱི་འབྲེལ་བ་ཚགས་དམ་པོ་བྱས་པ་ལས་ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་བར་གྱི་འབྲེལ་བ་རྒྱུན་ལྡན་དང་བཟང་པོ་ཡིན་པ་མཚོན་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཨ་རིའི་ཕྱོགས་དང་མཉམ་དུ་ཙུང་ཐུང་ཐེ་རོམ་ཕུ་ལོ་འདིའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་འགན་ལེན་ཏན་ཏིག་བྱེད་འདོད་ཡོད་ཅེས་བཤད་པ་རེད།
         ཉིན་དེའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཉེ་ཆར་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་གཞུང་ཕྱོགས་བར་འབྲེལ་བ་ཧ་ཅང་མང་བ་སྟེ། ཀྲུང་ཨའི་སྤྱི་ཚོགས་དང་མི་ཆོས་སྐོར་གྱི་གྲོས་གླེང་རེས་འཁོར་དང་པོ་གཟའ་འཁོར་འདིར་ཝ་ཧྲིང་ཐོན་དུ་གཉེར་རྒྱུ་ཡིན་པ་དང་། ཨ་རིའི་རྒྱལ་སྲིད་བློན་ཆེན་ཏི་ལེ་སེན་གཟའ་འཁོར་འདིར་ཀྲུང་གོར་འཚམས་འདྲི་བྱ་རྒྱུ་ཡིན་ལ། ཨ་རིའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ལུའུ་སི་ཡང་ཉེ་ཆར་ཀྲུང་གོར་འཚམས་འདྲི་བྱ་རྒྱུ་རེད། ཀྲུང་གོའི་ཕྱོགས་ཀྱིས་འདི་ལྟར་འབྲེལ་བ་དམ་ཟབ་བྱེད་པར་ལྟ་ཚུལ་གང་འདྲ་འཛིན་གྱི་ཡོད་ཅེས་དྲིས་པ་རེད།
         ལུའུ་ཁང་གིས“གཟའ་འཁོར་གཅིག་གི་ནང་དུ་ཀྲུང་ཨའི་བར་མཐོ་རིམ་འབྲེལ་བ་ཚགས་དམ་པོ་བྱེད་པར་བསམ་ཡུལ་ལས་འདས་པའི་ཚོར་སྣང་སྐྱེ་དགོས་དོན་མེད། འདི་ཡིས་ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་བར་གྱི་འབྲེལ་བ་རྒྱུན་ལྡན་དང་བཟང་པོ་ཡིན་པ་མཚོན་ཡོད་ཅེས་བཤད་པ་རེད།
         ཁོང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ཧའེ་ཧུའུ་གཞིས་ཀར་ལེགས་འགྲུབ་ངང་ཞལ་འཇོམས་གནང་བ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་བར་དང་རིམ་པ་ཁག་བར་ཐོག་མཐའ་བར་གསུམ་དུ་མཐུན་སྦྱོར་དང་འབྲེལ་བ་དམ་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་། འདིས་ཀྲུང་ཨའི་བར་གྱི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱ་རྒྱུར་་ཕན་པ་རེད། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་གོ་དོན་ཕུན་སུམ་ཇེ་ཚོགས་དང་ཁྱབ་རྒྱ་ཇེ་ཆེར་འགྲོ་བ་དང་། མཉམ་ལས་ཀྱི་ཁྱབ་རྒྱ་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་འདི་ཡིས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་ཡོད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་དང་ཡང་མཐུན་པ་རེད་ཅེས་བཤད་པ་རེད།