འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་28ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན་ལོ་གཉིས་ལྷག་ཙམ་ཚོད་ལྟ་བྱས་པ་བརྒྱུད་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་དངོས་སུ་བཙུགས་པ་རེད། 《རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་འཛུགས་རྒྱུའི་སྤྱི་ཡོངས་ཀྱི་ཇུས་གཞི་》གཞིར་བཟུང་། 2020ལོར་སླེབས་སྐབས་ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་འཛུགས་རྒྱུའི་ཚོད་ལྟ་སྤྱིའི་ཆ་ནས་ལེགས་སྒྲུབ་བྱེད་རྒྱུ་དང་། རྒྱལ་ཁབ་སྤྱི་གླིང་ཁག་གཅིག་སྡེབ་གཅིག་ཏུ་བཙུགས་ནས་རིགས་དབྱེ་གཅིག་གྱུར་གྱི་དོ་དམ་སྒྲིག་གཞི་སྤྱིར་ན་བསྐྲུན་ཏེ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་ཡོངས་ཀྱི་བཀོད་ཇུས་རགས་ཙམ་ཆགས་པ་བྱེད་རྒྱུ་རེད།
          “དེ་ཐོག་ནས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་རྩེ་རིམ་ཇུས་འགོད་རགས་ཙམ་ཆགས་པ་དང་། རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་དེ་ངོ་བོའི་རང་བཞིན་གྱི་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད”ཅེས་ཀྲུང་གོ་ཚན་རིག་ཁང་ཚན་རྩལ་འཐབ་ཇུས་བློ་འདྲི་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཝང་དབྱིས་བརྗོད་པ་རེད།
          ཇུས་གཞིའི་ནང་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིས་རང་བྱུང་སྣོད་བཅུད་མ་ལག་གི་ཐོག་མ་ཉིད་ཀྱི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་རྨང་གཞིར་བྱས་ནས་རྒྱལ་ཁབ་ལ་དབང་བ་དང་། དམངས་ཡོངས་མཉམ་སྤྱོད། མི་རབས་ནས་མི་རབས་བར་རྒྱུན་འཛིན་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་ཡོང་བ་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་ནང་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་དབང་ཆ་ཚང་མ་ཀྲུང་དབྱང་སྲིད་གཞུང་དང་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་རིམ་དབྱེ་ལག་བསྟར་བྱེད་པ་དང་། ཆ་རྐྱེན་འཛོམས་སྐབས་ཀྲུང་དབྱང་སྲིད་གཞུང་གིས་ཐད་ཀར་ལག་བསྟར་བྱེད་རྒྱུར་རིམ་གྱིས་བར་བརྒལ་ཐུབ་པ་བྱེད་དགོས་ཞེས་གསལ་པོ་སྟོན་ཡོད་པ་རེད།
          མིག་སྔར་འཛམ་གླིང་ཐོག་གི་རྒྱལ་ཁབ་100ལྷག་ཙམ་གྱིས་རྒྱལ་ཁབ་སྤྱི་གླིང་ཆིག་ཁྲི་ཙམ་བསྐྲུན་ཡོད་མོད། འོན་ཀྱང་རྒྱལ་ཁབ་ཁག་གིས་རྒྱལ་ཁབ་སྤྱི་གླིང་གི་ནང་དོན་གཏན་འཁེལ་བྱེད་པའི་ཚད་གཞི་གཅིག་པ་མིན། 
          མིག་སྔའི་བར་རང་རྒྱལ་དུ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་ཁུལ་10བཙུགས་ཡོད་པ་དང་དེ་དག་ནི་གཙང་གསུམ་ཆུ་མགོ་དང་། བྱང་ཤར་སྟག་གཟིག དོམ་ཁྲ། མདོ་ལ་རིང་མོ། ཧུའུ་པེའི་ཧྲེན་ནུང་ཅ། ཧྥུའུ་ཅན་རི་བོ་ཝུའུ་དབྱི། ཀྲེ་ཅང་ཆན་ཅང་གཙང་པོའི་ཆུ་མགོ ཧུའུ་ནན་ནན་ཧྲན་རི་བོ། པེ་ཅིང་ལྕགས་རི་རིང་མོ། ཡུན་ནན་ཕུ་ཏྭ་མཚོ་བཅས་རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་བྱེད་ཡུལ་དུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།