འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རི་དང་ཁོ་རེ་ཡ་བྱང་མ་གཉིས་བར་ཁ་རྩོད་ཇེ་ཆེ་བྱེད་པར་ཡི་མི་རང་
    བ་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་27ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན། ཉེ་ཆར་ཁོ་རེ་ཡ་བྱང་མ་དང་ཨ་རིའི་བར་ཁ་རྩོད་འགྲན་རྒོལ་བྱས་པ་དེ་ཡང་བསྐྱར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱ་ཡུལ་དུ་གྱུར་པར་དམིགས་ནས། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ལུའུ་ཁང་གིས་གླིང་ཕྲན་ཕྱེད་ཙམ་དུ་དམག་འཐབ་ལང་བ་དང་ཟིང་ཆ་ལང་བར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་གཞིར་བཟུང་ནས། ཀྲུང་གོའི་ཕྱོགས་ཀྱིས་ཨ་རི་དང་ཁོ་རེ་ཡ་བྱང་མ་གཉིས་བར་ཁ་རྩོད་ཇེ་ཆེར་འགྲོ་བར་ཡི་ཧ་ཅང་མི་རང་བ་བསྟན་པ་རེད། 
         ལུའུ་ཁང་གིས་ཉིན་དེའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག“ཉེ་ཆར་ང་ཚོས་གླིང་ཕྲན་ཕྱེད་ཙམ་དུ་འཐབ་དགོས་འཛིང་དགོས་ཞེས་པའི་སྐད་ཆ་མང་པོ་གོ་བྱུང” ཀྲུང་གོའི་ཕྱོགས་ཀྱིས་ཨ་རི་དང་ཁོ་རེ་ཡ་བྱང་མ་ཕྱོགས་གཉིས་ཀྱི་ཆབ་སྲིད་པ་ཚང་མར་ཆབ་སྲིད་ཀྱི་ཁ་ཚོན་གཅོད་ནུས་འདང་ངེས་ཡོད་པའི་སྒོ་ནས་དྲག་ཤུགས་ལ་རྟེན་པ་ནི་གླིང་ཕྲན་ཕྱེད་ཙམ་གྱི་གནད་དོན་ཐག་གཅོད་བྱེད་པ་དང་རང་ངོས་ཀྱིས་དོ་ཁུར་བྱེད་པར་ལག་བསྟར་བྱ་འོས་པའི་གདམ་ཚན་གཏན་ནས་མིན་པ་ངོས་འཛིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         ལུའུ་ཁང་གིས་བསྟན་པར། ཨ་རིའི་ཕོ་བྲང་དཀར་པོའི་གཏམ་བཤད་པས་ཨ་རིས་ཁོ་རེ་ཡ་བྱང་མར་དམག་བརྡ་གཏོང་བ་རྩིས་མེད་གསལ་པོར་བཏང་ནས་མུ་མཐུད་ནས་ཞི་བདེའི་ངང་གླིང་ཕྲན་ཕྱེད་ཙམ་དུ་ཉིང་རྡུལ་མེད་པར་བྱ་ཐབས་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད། ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་ལས་ཚབ་མའེ་ཁེ་མཱ་སི་ཐེ་ཡིས་ཀྱང་གླིང་ཕྲན་ཕྱེད་ཙམ་གྱི་གནད་དོན་ལ་དམག་དོན་ཐོག་ནས་ཐག་གཅོད་པའི་ཇུས་གཞི་ལས་སླ་པོ་ཡོད་མི་སྲིད་པ་དང་། དམག་དོན་གྱིས་བཀག་སྡོམ་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ན་གནད་དོན་ཐག་གཅོད་བྱེད་མི་ཐུབ་ལ། མཐའ་མཇུག་ཏུ་ད་དུང་རྒྱལ་སྤྱིས་འབད་པ་བྱ་དགོས་ཐུག་རྒྱུ་རེད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།