འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་དགེ་རྫོང་གི་ཁྲོ་ལའི་ཕུག་ལམ་ཤར་གཏོང་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་27ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྡེ་དགེ་རྫོང་གི་ཁྲོ་ལའི་ཕུག་ལམ་ཤར་གཏོང་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་9པའི་ཚེས26ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག སྡེ་དགེ་རྫོང་གི་ཁྲོ་ལའི་ཕུག་ལམ་ཤར་གཏོང་ཐུབ་པ་དང་། ཕུག་ལམ་གྱི་ཤར་སྒོར་རྟེན་འབྲེལ་མཛད་སྒོ་སྤེལ་བ་རེད།
           སྡེ་དགེའི་ཁྲོ་ལར་རྒྱ་མཚོའི་ངོས་ལས་སྨི་6168ཡོད་པས། ཁྲོན་བོད་གཞུང་ལམ་གྱི་གཡང་གཟར་དང་པོ་ཞེས་པའི་མིང་ཡོད་པ་དང་། ཕན་ཚུན་འགྲོ་འོང་བྱེད་སྐབས་དུས་ཚོད་འགོར་རིང་ལ་སྟབས་བདེ་ཡང་མེད་པ་རེད། 
         སྤྱི་ལོ་2012ལོའི་ཟླ་བ་དྲུག་པར། ཁྲོ་ལའི་ཕུག་ལམ་ལས་འགོ་ཚུགས་པ་དང་། སྒོར་དུང་ཕྱུར་བཅུ་གཅིག་དང་བྱེ་བ་ལྔ་ཙམ་བཏང་སྟེ་བསྐྲུན་པའི་ཕུག་ལམ་འདིའི་སྤྱིའི་རིང་ཚད་སྤྱི་ལེ་8.955ཡོད་པ་དང་། ཕུག་ལམ་གྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་4378ཟིན་ཞིང་། མིག་སྔར་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་མཐོ་ཤོས་དང་ཕུག་ཐག་རིང་ཤོས་ཀྱི་ཕུག་ལམ་དང་པོ་དེ་ཡིན་པ་རེད། 
           ཤེས་རྟོགས་བྱུང་བར་གཞིགས་ན། ཕུག་ལམ་ཤར་གཏོང་ཐུབ་རྗེས། སྔོན་མ་ཁྲོ་ལ་བརྒལ་བར་དུས་ཡུན་ཆུ་ཚོད་གཉིས་ལྷག་ཙམ་འགོར་གྱི་ཡོད་མོད། འོན་ཀྱང་ཕུག་ལམ་ཤར་གཏོང་ཐུབ་རྗེས་སྐར་མ་བཅུ་ལྷག་ཙམ་ལས་འགོར་གྱི་མེད་པ་རེད། ད་ཆ་རླང་འཁོར་ཕུག་ལམ་བརྒྱུད་ནས་འགྲོ་དགོས་པས་གཡང་ཟར་བ་དང་། རི་ཉིལ་བ། གངས་རྡིབ་རྒྱག་པ་སོགས་ཀྱི་སེམས་ཁྲལ་བྱེད་དགོས་མེད་པ་རེད། 
    ༄༅།།སྡེ་དགེ་རྫོང་གི་ཁྲོ་ལའི་ཕུག་ལམ་ཤར་གཏོང་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།