འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་5རིང་ལ་ཞིང་པ་ལས་མིའི་དོན་དུ་དུས་འགྱངས་ཆད་ལུས་གླ་ཕོགས་སྒོར་དུང་ཕྱུར་301.3
    འདེད་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་དམངས་འཚོ་ཆེད་དོན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཤིང་། གསར་འགོད་པས་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ་དུ། ལོ་5རིང་ལ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་བྱས་ནས་ཞིང་པ་ལས་མིར་གླ་ཕོགས་སྤྲོད་ཚུལ་ཆེད་དོན་ཞིབ་བཤེར་ལས་དོན་སྤེལ་ནས་ཞིང་པ་ལས་མི་ཁྲི་508.4ཡི་དོན་དུ་དུས་འགྱངས་ཆད་ལུས་གླ་ཕོགས་སྒོར་དུང་ཕྱུར་301.3འདེད་ལེན་བྱས་པ་དང་། ཞིང་པ་ལས་མི་བདེ་འཇགས་ངང་ཕ་ཡུལ་དུ་ལོག་པར་རོགས་རམ་མི་ཐེངས་ཁྲི་2458.4བྱས་པ། ཆེད་ལས་ཁྲིམས་རོགས་པ་སྒྲིག་འཛུགས་བྱས་ནས་ཞིང་པ་ལས་མིར་གླ་ཆ་མི་དགོས་པའི་ཁྲིམས་ལུགས་ཀྱི་བློ་འདྲིའི་ཞབས་ཞུ་མི་ཐེངས་ཁྲི་5000ལྷག་བྱས་པ་རེད། ཞིང་པ་ལས་མིའི་ལས་ནད་འགོག་བཅོས་ལ་དོ་སྣང་བྱས་ཏེ་སྡེ་ཁག་10དང་མཉམ་འབྲེལ་བྱས་ནས་《ཞིང་པ་ལས་མིའི་རྡུལ་གྲིབ་གློ་ནད་འགོག་བཅོས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》གཏན་འབེབས་བྱས་པ་རེད། 
         མི་དོན་པུའ་ཡིས་བསྡོམས་རྩིས་བྱས་པར་གཞིགས་ན། 2016ལོའི་ལོ་མཇུག་བར་དུ་རྒྱལ་ཡོངས་ཀྱི་ཞིང་པ་ལས་མིའི་མི་གྲངས་བསྡོམས་འབོར་དུང་ཕྱུར་2.82ཟིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྩལ་ནུས་གསོ་སྐྱོང་སྦྱོང་བརྡར་སྐུལ་སྤེལ་གཏོང་བའི་འཆར་གཞི་གཏིང་ཟབ་ཏུ་སྤེལ་ནས་ལོ་རེར་ཞིང་པ་ལས་མི་ཁྲི་300ལྷག་ལ་ལས་ཞུགས་དང་ལས་ལམ་གསར་གཏོད་ཀྱི་གསོ་སྐྱོང་སྦྱོང་བརྡ་མཁོ་འདོན་བྱ་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།