འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་རེ་ཡ་བྱང་མས་ཁོ་རེ་ཡ་བྱང་མའི་ཕྱོགས་ལ་ཨ་རིར་རྒོལ་ལན་སློག་པའི་དབང་ཆ་ཡོད་ཅེས་
    བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན། ཁོ་རེ་ཡ་བྱང་མའི་ཕྱི་དོན་བློན་ཆེན་ལི་ཡུང་ཧའོ་ཡིས་སྨྱན་སྦྱོར་ལས་ཁུངས་ལ་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུའུ་ཡིས"ཁོ་རེ་ཡ་བྱང་མར་དམག་བརྡ་བཏང་བས"ཁོ་རེ་ཡ་བྱང་མར་ཨ་རིའི་དམག་དཔུང་གི་མདེལ་དབྱུག་གནམ་གྲུ་གཏོར་ལྷུང་གཏོང་བ་ཚུད་པའི་རྒོལ་ལན་སློག་པའི་བྱ་ཐབས་སྤྱོད་པའི་དབང་ཆ་ཡོད་ཅེས་བརྗོད་པ་རེད།
         ལི་ཡུང་ཧའོ་ཡིས་ཉིན་དེར་ཉིའུ་གཡོད་དུ་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐོག་འཛམ་གླིང་ཡོངས་ཀྱིས་གསལ་པོར་ངེས་དགོས་པ་སྟེ། ཨ་རིས་སྔོན་ལ་ཁོ་རེ་ཡ་བྱང་མར་དམག་བརྡ་བཏང་བ་ཡིན་པས། ཁོ་རེ་ཡ་བྱང་མར་དེ་ལ་རྒོལ་ལན་སློག་པའི་བྱ་ཐབས་ལག་བསྟར་བྱེད་དབང་ཡོད་ཅིང་། དེའི་ཁྲོད་དུ་ཁོ་རེ་ཡ་བྱང་མའི་མངའ་ཁོངས་བར་སྣང་དུ་འཕུར་བ་མིན་པའི་ཨ་རིའི་མདེལ་དབྱུག་གནམ་གྲུ་ཡིན་ནའང་གཏོར་ལྷུང་གཏོང་བ་ཡང་ཚུད་ཡོད་ཅེས་བརྗོད་པ་རེད།
         ཚེས་23ཉིན་ཨ་རིའི་རྒྱལ་སྲུང་པུའུ་ཡིས་ཨ་རིའི་འཐབ་ཇུས་མདེལ་དབྱུག་གནམ་གྲུ་མང་པོ་ཞིག་ཉིན་དེར་འཐབ་འཛིང་གནམ་གྲུའི་མཁའ་འགྲུལ་སྲུང་སྐྱེལ་འོག་ཏུ་ཁོ་རེ་ཡ་བྱང་མའི་ཤར་ཕྱོགས་ཀྱི་མཚོ་ཁོངས་བར་སྣང་དུ་འཕུར་སྐྱོད་བྱས་ནས་དུས་རབས་འདི་ནས་བཟུང་ཨ་རིའི་དམག་དཔུང་གི་འཐབ་འཛིང་གནམ་གྲུ་ཁོ་རེ་ཡ་ལྷོ་མ་དང་བྱང་མའི་དམག་དོན་ཁུལ་མ་ཡིན་པའི་ཆེས་བྱང་སྣེར་འཕུར་སྐྱོད་བྱས་ཡོད་ཅེས་བརྗོད་པ་རེད།
    གསལ་བསྒྲགས་ཀྱི་ནང་དུ་འདི་ནི་ཨ་རིའི་དམག་དཔུང་གི་མདེའུ་དབྱུག་གནམ་གྲུ་དང་འཐབ་འཛིང་གནམ་གྲུ་དུས་རབས་21པ་ནས་བཟུང་ཁོ་རེ་ཡ་ལྷོ་མ་དང་བྱང་མའི་དམག་དོན་ཁུལ་མ་ཡིན་པའི་ཆེས་བྱང་སྣེར་འཕུར་སྐྱོད་བྱས་པ་ཡིན་ཞིང་། དེའི་ཐོག་ནས་ཨ་རིའི་དམག་གིས་ཁོ་རེ་ཡ་བྱང་མའི"སྤྱོད་པ་རྩིང་པོ"ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་མཚོན་པ་དང་། ཐེངས་འདིའི་འཕུར་སྐྱོད་ཀྱིས་ཀྱང་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས་ཁོ་རེ་ཡ་བྱང་མའི་འཇིགས་སྐུལ་ལ་ཁ་གཏད་འཇལ་བའི་"དམག་དོན་གྱི་གདམ་ཚན"ཧ་ཅང་མང་པོ་ཡོད་ཅེས་བཤད་པའི་དོན་ཡིན་ཞེས་བརྗོད་པ་རེད།
         ཨ་རིའི་སྲིད་གཞུང་གིས་ཁོ་རེ་ཡ་བྱང་མར་སྤྱོད་ཚུལ་དྲག་པོ་བཟུང་ཡོད་ཅིང་། ཐེ་རོམ་ཕུ་ཡིས་ཚེས་19ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག"ཁོ་རེ་ཡ་བྱང་མ་རྩ་གཏོར་གཏོང་རྒྱུའི"གཏམ་གླེང་སྤེལ་རྗེས་སུ། ཚེས་21ཉིན་ཁོ་རེ་ཡ་བྱང་མར་གནོན་ཤུགས་སྔར་ལས་ཆེ་བ་བཏང་ནས་ཁོ་རེ་ཡ་བྱང་མར་བཀག་སྡོམ་བྱ་ཐབས་ནན་པོ་རེས་འཁོར་གསར་པ་ཞིག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         ཨ་རིས་བཏང་བའི་གནོན་ཤུགས་ལ་དམིགས་ནས་ཚེས་22ཉིན་ཁོ་རེ་ཡ་བྱང་མའི་གསར་འགྱུར་ཁང་གིས་ཁོ་རེ་ཡ་བྱང་མའི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་ཨེན་གྱི་གསལ་བསྒྲགས་དྲངས་ནས་ཐེ་རོམ་ཕུ་ཡིས་འཛམ་གླིང་ཡོངས་ཀྱི་མདུན་དུ་རང་རེའི་རྒྱལ་ཁབ་དང་ང་རང་ལ་བརྙས་བཅོས་བྱས་པའི་གཏམ་བཤད་སྤེལ་བས། ང་རང་གིས་དེར་རྒོལ་ལན་སློག་པིའེ་བྱ་ཐབས་དྲག་པོ་ཇི་ལྟར་སྤྱོད་དགོས་པར་བསམ་གཞིགས་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།