འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲེ་ཅང་ཞིང་ཆེན་གྱི་དམངས་སྡོད་ཁང་པར་མེ་ཤོར་ནས་མི་11རྐྱེན་ལམ་དུ་ཤོར་བ་དང་མི་
    མང་པོར་རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན། གསར་འགོད་པས་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཨུ་ལྷན་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཟླ་9ཚེས་25ཉིན་གྱི་ཆུ་ཚོད་00:13ཐོག ཐའེ་ཀྲོའུ་ཡུས་ཧོན་གྲོང་ཁྱེར་ཡུས་ཁྲེན་སྲང་ལམ་ཞའོ་སུའེ་པུའུ་གྲོང་ཚོ་ཁྲང་ཞིན་ལམ་གྱི་སྒོ་རྟགས་21པའི་དམངས་སྡོད་ཁང་པ་གཉིས་ལ་མེ་ཤོར་ཞིང་། མིག་སྔའི་བར་མི་11རྐྱེན་ལམ་དུ་ཤོར་བ་དང་། མི་2མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། གཞན་ཡང་མི་10ལ་རྨས་སྐྱོན་ཡང་མོ་ཕོག་ཡོད་པ་རེད། 
         མེ་ཤོར་བའི་ཉེན་བརྡ་འབྱོར་རྗེས། ཡུས་ཧོན་གྲོང་ཁྱེར་སྤྱི་བདེ་དང་མེ་འགོག་མེ་གསོད་རུ་ཁག་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་མགྱོགས་མྱུང་ངང་མེ་གསོད་པ་དང་། མི་སྣ་འཚོལ་སྐྱོབ་དང་ཁ་འགྲེམ་པ། སྒྲིག་ལམ་སྲུང་སྐྱོང་བཅས་ཀྱི་ལས་ཀ་སྤེལ་བ་རེད། ཆུ་ཚོད་1:50ཐོག མེ་གསོད་ཐུབ་པ་དང་། མེ་ཤོར་བའི་རྒྱ་ཁྱོན་ཧ་ལམ་སྨི་གྲུ་བཞི་མ་150ཡོད་པ་རེད། མེ་ཤོར་ཡུལ་དངོས་ནས་མི་9རྐྱེན་ལམ་དུ་ཤོར་བ་དང་། མི་2སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ་རུང་ཕན་འབྲས་མ་བྱུང་བར་གྲོངས་ཤིང་། མི་2ཐའེ་ཀྲོའུ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། གཞན་ཡང་མི་10ལ་རྨས་སྐྱོན་ཡང་མོ་ཕོག་པ་རེད། མེ་ཤོར་རྐྱེན་གོམ་གང་མདུན་སྤོས་ཀྱིས་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།