འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི"ཀྲུང་ཨའི་དཔལ་འབྱོར་འཕེལ་རྒྱས་དང་མཉམ་ལས"ཀྱི་བགྲོ་གླེང་ཚོགས་
    འདུ་ཨ་ཟེར་བྷེ་ཇན་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་23ཉིན། 11:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བྷ་ཁུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་ཟེར་བྷེ་ཇན་གྱི་རྒྱལ་ཁབ་ཚན་རིག་ཁང་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་མཉམ་དུ་གཉེར་བའི་སྐབས་དང་པོའི“ཀྲུང་ཨའི་དཔལ་འབྱོར་འཕེལ་རྒྱས་དང་མཉམ་ལས”ཀྱི་བགྲོ་གླེང་ཚོགས་འདུ་ཚེས་21ཉིན་ཨ་ཟེར་བྷེ་ཇན་གྱི་རྒྱལ་ས་བྷ་ཁུར་འཚོགས་པ་རེད།
          འགོ་འཛུགས་མཛད་སྒོའི་ཐོག་ཨ་ཟེར་བྷེ་ཇན་གྱི་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཀྲང་ཨ་ཅི་ཕུའུ·ཨ་ལི་ཀྲ་ཏེས་ཤིས་ཚིག་སྤེལ་ནས་2016ལོ་ནས་བཟུང་རྒྱལ་ཁབ་གཉིས་པོའི་ཚན་རིག་ཁང་གིས་སྤེལ་རེས་མཉམ་ལས་ཀྱི་གྲོས་མཐུན་བཞག་ཚུན། ཁང་གཉིས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་ལམ་སྲོལ་རང་བཞིན་གྱི་འཚམས་འདྲི་བྱེད་རེས་ཟབ་ཏུ་བཏང་བ་དང་ཉིན་རེ་ལས་མ་འདས་པར་སྤེལ་རེས་ཟབ་ཏུ་བཏང་ཡོད། ཨ་ཟེར་བྷེ་ཇན་གྱི་རྒྱལ་ཁབ་ཚན་རིག་ཁང་དུ་ཀྲུང་གོའི་རིག་གནས་ཞིབ་འཇུག་ལྟེ་གནས་བཙུགས་པས་ཀྲུང་གོ་ཕྱོགས་ཀྱི་མཁས་དབང་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་རིག་གནས་མཉམ་ལས་དང་ཞིབ་འཇུག་ལ་སྔར་བས་ཤུགས་སྣོན་རྒྱག་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
         ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་ཝང་ཝུའེ་ཀོང་གིས་གཏམ་བཤད་སྤེལ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ཀྲུང་ཨ་རྒྱལ་ཁབ་གཉིས་པོར་ལེགས་ཆ་ལྡན་པ་དང་ཁྱབ་ཁོངས་མང་པོའི་མཉམ་ལས་ཀྱི་གསབ་རེས་རང་བཞིན་ཆེ་བས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ཚན་རིག་ཁྱབ་ཁོངས་སུ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཉིན་རེ་ལས་མ་འདས་པར་ཟབ་ཏུ་སོང་བས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཐད་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ཅེས་བཤད་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། ཁེ་ལས་ཀྱི་མི་སྣ། གཙོ་རྒྱུན་སྨྱན་སྦྱོར་གྱི་འཐུས་མི་བཅས་ཁྱོན་བསྡོམས་མི་200ཙམ་བགྲོ་གླེང་ཚོགས་འདུར་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།