འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་སྲིད་གཞུང་གིས་འབར་མའི་ནོ་ཁའེ་ས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་23ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་21ཉིན་འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་རང་ཀོང་དུ་འབར་མའི་རྒྱ་གྲམ་དམར་རྟགས་ཚོགས་པར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་ཏེ་འབར་མའི་ནོ་ཁའེ་ས་ཁུལ་དུ་གཏུམ་སྤྱོད་འཇབ་རྒོལ་ཐོན་ནས་བུད་སྟོངས་ཡུལ་གྱར་བའི་དམངས་ཚོགས་ལ་རོགས་རམ་བྱེད་པའི་ཐད་སྤྱོད་རྒྱུ་རེད།
          ཉིན་དེའི་ཞལ་འདེབས་རྒྱག་པའི་མཛད་སྒོའི་ཐོག་འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧུང་ལེའང་གིས་ཀྲུང་འབར་རྒྱལ་ཁབ་གཉིས་པོ་ནི་མཛའ་གྲོགས་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཁྱིམ་མཚེས་རྒྱལ་ཁབ་ལ་དཀའ་ངལ་འཕྲད་སྐབས་ཀྲུང་གོས་རྟག་ཏུ་འཕྲལ་མར་རོགས་རམ་བྱེད་ཀྱི་ཡོད། འབར་མ་སྲིད་གཞུང་གིས་ནོ་ཁའེ་ས་ཁུལ་གྱི་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་བྱས་པའི་འབད་བརྩོན་ལ་ཀྲུང་གོ་སྲིད་གཞུང་གིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ནོ་ཁའེ་ས་ཁུལ་གྱི་བརྟན་ལྷིང་དེ་འབར་མ་དང་ཐ་ན་ས་ཁུལ་དེའི་རྒྱལ་ཁབ་ཁག་གི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེན་པོ་ཡོད། འབར་མ་སྲིད་གཞུང་གི་འགོ་ཁྲིད་དང་འབར་མའི་ལས་རིགས་ཁག་གི་རྒྱབ་སྐྱོར་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་རོགས་རམ་འོག་བུད་སྟོངས་ཡུལ་གྱར་དུ་སོང་བའི་དམངས་ཚོགས་སྔ་ཙམ་བདེ་འཇགས་ཀྱི་འཚོ་བ་སྐྱེལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
          འབར་མ་སྲིད་གཞུང་གིས་བརྡ་ཁྱབ་བཏང་བར་གཞིགས་ན། ཟླ་8ཚེས་25ཉིན་འཇིགས་སྐུལ་འཇབ་རྒོལ་ཐོན་པ་ནས་བཟུང་ནོ་ཁའེ་མངའ་སྡེའི་བྱང་རྒྱུད་དུ་འཇབ་རྒོལ་ཁྱོན་བསྡོམས་ཐེངས་97ཐོན་ནས་བདེ་འཇགས་དཔུང་སྡེའི་ཁོངས་མི་དང་། སྲིད་གཞུང་གི་དཔོན་རིགས། མང་ཚོགས་དཀྱུས་མ་བཅས་30ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་མང་པོ་བུད་སྟོངས་ཡུལ་གྱར་དུ་སོང་ཡོད། ཟླ་9ཚེས་12ཉིན་འབར་མ་སྲིད་གཞུང་གིས་སྤྱི་བསྒྲགས་སྤེལ་ནས་ས་གནས་དེ་གའི་དུས་བབ་བརྟན་ལྷིང་ཡིན་པས་དམངས་ཚོགས་རྣམས་སོ་སོའི་སྡོད་གནས་སུ་ལོག་རྒྱུའི་འབོད་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།