འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རིགས་ཁག་གི་ཞིང་ལས་ཞབས་ཞུའི་རྩ་ འཛུགས་ཁྲི་115ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཞིང་ལས་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ད་ཕན་ལོ་ཤས་རིང་ཞིང་ལས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མྱུར་པོ་སོང་བ་དང་རིགས་ཁག་གི་ཞབས་ཞུའི་རྩ་འཛུགས་ཆར་རྗེས་ཀྱི་མྱུ་གུ་འབུས་པ་བཞིན་མང་དུ་སོང་ནས་རྩ་འཛུགས་ཀྱི་གྲངས་འབོར་ཁྲི་115ལས་བརྒལ་ཡོད། ཞབས་ཞུའི་ཁྱབ་ཁོངས་སུ་འདེབས་འཛུགས་ལས་རིགས་དང་། འབྲོག་ལས། ཉ་ལས་སོགས་ཐོན་ལས་སྣ་ཚོགས་ཡོད་པས། བརྒྱུད་རིམ་ཧྲིལ་པོ་ཚབ་གཉེར་དང་། རྨོ་འདེབས་ཚབ་བྱེད། རྨོ་འདེབས་མཉམ་འབྲེལ་སོགས་ཀྱི་ཞབས་ཞུའི་ལས་རིགས་སྣ་ཚོགས་ཐོན་ནས“ས་ཞིང་ཡག་པོ་ཇི་ལྟར་བྱས་ནས་འདེབས་དགོས་པའི”གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་སྤྱིར་བཏང་གི་ཞིང་དུད་མང་དག་ཅིག་དེང་རབས་ཞིང་ལས་འཕེལ་རྒྱས་ལམ་བུའི་ཐོག་འདྲེན་རྒྱུ་ཡིན་པ་རེད།
            ཉེ་དུས་ཞིང་ལས་པུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའུ་དང་མཉམ་དུ་《ཞིང་ལས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མྱུར་པོ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》པར་འགྲེམས་བྱས་ཏེ་ཁྲོམ་རའི་སྟོན་ཕྱོགས་མཐའ་འཁྱོངས་དང་། ཞིང་ལས་དང་ཞིང་པར་ཞབས་ཞུ། འཕེལ་རྒྱས་གཏོང་སྟངས་གསར་གཏོད། ཞབས་ཞུའི་སྤུས་ཚད་ལ་སྣང་ཆེན་བཅས་ཀྱི་རྩ་དོན་གཞིར་བཟུང་། སྣ་མང་ཅན་དང་། གོ་རིམ་ལྡན་པ། རིགས་སྣ་ཚོགས་ཡོད་པའི་ཞིང་ལས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་བ་དང་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་བྱེད་སྟངས་སྣ་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་དེང་རབས་ཞིང་ལས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། གོམ་སྟབས་རྗེས་མར། ཞིང་ལས་པུས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཁྲོམ་རའི་ཚོང་གཉེར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་ཞབས་ཞུའི་རྩ་འཛུགས་ལ་སྔར་བས་རོགས་སྐྱོར་བྱ་རྒྱུ་རེད། འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་མ་འཇོག་བེད་སྤྱོད་བྱས་ཏེ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ལྷག་པར་དུ་ཞིང་ལས་ཚན་རྩལ་ཞབས་ཞུའི་ནུས་པ་དང་། ཞིང་ལས་ཐོན་རྫས་འཁོར་རྒྱུག་མ་ལག ཞིང་ལས་ཀྱི་བེད་མེད་ཟོག་རོའི་ཐོན་ཁུངས་བེད་སྤྱོད་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་བསྟན་ཡོད། ནོར་སྲིད་པུས་ཞིང་ལས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོའི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཚོད་ལྟ་ཞིང་ཆེན་17ལ་བར་མང་དུ་བཏང་བ་དང་འབྲེལ། ཞིང་ལས་ཐོན་སྐྱེད་བདག་གཉེར་གཙོ་བོར་བྱེད་པའི་ཞབས་ཞུའི་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།