འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།དམག་དཔུང་གི་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་སྤྲོད་ལ་སྒྱུར་བཅོས་ཆེན་པོ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་20ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན། གསར་འགོད་པས་དམག་ཨུད་སྦྱོང་བརྡར་དོ་དམ་པུའི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། དམག་དཔུང་གི་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་སྤྲོད་ལ་སྒྱུར་བཅོས་ཆེན་པོ་བྱས་ཏེ་ཕྱོགས་བཅུའི་ཐད་གྲུབ་ཚུལ་བསྐྱར་དུ་བཏོད་ནས་སྒྲིག་སྲོལ་འཐུས་ཚང་དང་། གཞི་ཁྱོན་འོས་འཚམ། གྲུབ་ཆ་ལུགས་མཐུན། ལམ་ལུགས་འཐུས་ཚང་། དོ་དམ་ཚན་རིག་དང་མཐུན་པ་བཅས་ཀྱི་དམག་དཔུང་གི་རང་སྦྱོང་རྒྱུགས་སྤྲོད་མ་ལག་ཅིག་རིམ་གྱིས་གཏོད་རྒྱུ་ཡིན་པ་རེད། 2018ལོར་སླེབས་སྐབས་དམག་དཔུང་གི་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་སྤྲོད་མ་ལག་གསར་པ་གཞིར་བཟུང་། ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         དམག་ཡོངས་ཀྱིས་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་སྤྲོད་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དོན་ནི་དམག་དཔུང་གི་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་སྤྲོད་ཀྱིས་དམག་དོན་ཤེས་ལྡན་མི་སྣའི་གསོ་སྐྱོང་ཐད་བཏོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་སྦྱོང་རྣམ་པའི་དམག་དཔུང་དང་སློབ་སྦྱོང་རྣམ་པའི་དམག་སྒར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མིག་སྔའི་དམག་དཔུང་གི་རང་སྦྱོང་རྒྱུགས་སྤྲོད་ནང་ལྷག་པའི་དོ་དམ་གྱི་སྒྲིག་ལམ་ཚད་ལྡན་མེད་པ་དང་། དོ་དམ་བྱེད་ཐབས་རྗེས་སུ་ལུས་པ། ཆེད་ལས་སྒྲིག་བཀོད་རྙིང་ཞན། རྒྱུགས་སྲོལ་དང་རྒྱུགས་ཁྲིམས་ནན་པོ་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱ་ཆེད་རེད།
         གསར་འགོད་པས་ཤེས་རྟོགས་བྱས་པར། དམག་དཔུང་གི་རྒྱུགས་སྤྲོད་མ་ལག་གསར་པས་དམག་ཡོངས་ཀྱི་དམག་དཔུང་སློབ་གྲྭ་10རུ“ཆེད་ལས་ཀྱི་མིང་དམག་དཔུང་དང་ས་གནས་ལ་ཐུན་མོང་ཐོག་སྤྱོད་པ་དང་ཆེད་ལས་སློབ་ཚན་དམག་དཔུང་གི་ཁྱད་ལྡན་ཅན་དུ་འགྱུར་བའི”རང་སྦྱོང་རྒྱུགས་སྤྲོད་ཆེད་ལས་30བཀོད་སྒྲིག་བྱས་པའི་ནང་དངོས་གཞིའི་ཚན་ཁག་ལ་15དང་ཆེད་ལས་ཚན་ཁག་ལ་15ཡོད་པ་རེད།
         རྒྱུགས་གནས་བཀོད་སྒྲིག་དེ་སྔའི་སྲིད་འཛིན་ཁོངས་གཏོགས་ཀྱི་འབྲེལ་བར་གཞིགས་ནས་དམག་སྒར་དུ་རྒྱུགས་གནས་བཀོད་སྒྲིག་བྱས་པ་ནས་ས་ཁོངས་ལ་གཞི་ཚུགས་ཏེ་དམག་དཔུང་སློབ་གླིང་(སྦྱོང་བརྡར་སྒྲིག་གཞི་)དང་རྒྱལ་སྲུང་སྐུལ་སློང་ཁོངས་གཏོགས་སུ་རྒྱུགས་གནས་བཀོད་སྒྲིག་བྱ་རྒྱུའི་བར་ལེགས་སྒྲིག་བྱས་པ་དང་། རྒྱུགས་གནས་ཀྱི་གྲངས་འབོར་དེ་སྔའི་1500ལྷག་ཙམ་ནས་400ཡས་མས་ཉུང་དུ་བཏང་བ་རེད། ལེགས་སྒྲིག་བྱས་རྗེས་བཅའ་སྡོད་བྱ་ཡུལ་དང་ཐག་རིང་ཡང་དམག་སྦྱོང་དང་ལས་འགན་སྒྲུབ་པའི་ནང་ཞུགས་དགོས་པའི་སློབ་མ་དང་དེ་བཞིན་དམག་ཞབས་ཐིམ་པའི་རྒྱུགས་སྤྲོད་སློབ་མ་ཚང་མས་ཐག་ཉེ་སའི་རྒྱུགས་གནས་བདམས་ནས་རྒྱུགས་སྤྲོད་ཆོག་པ་དང་ལྷག་པར་དུ་ཆ་རྐྱེན་དང་མཐུན་པའི་རྒྱུགས་སྤྲོད་སློབ་མ་ཚང་མར་ཆེད་ལས་ཀྱི་ཆོད་འཛིན་བྱ་རྒྱུ་མིན་པ་རེད།
         དམག་ཡོངས་གཅིག་གྱུར་དང་དམག་དོན་ཕྱོགས་བསྡུས་ཆ་འཕྲིན་དྲ་བར་བརྟེན་པའི་རང་སྦྱོང་རྒྱུགས་སྤྲོད་དོ་དམ་ཆ་འཕྲིན་མ་ལག་སྒྲིག་འཛུགས་དང་གསར་སྤེལ་བྱས་ཏེ་དམག་དཔུང་གི་རང་སྦྱོང་རྒྱུགས་སྤྲོད་ལས་སྒོའི་ལས་དོན་གྱི་བརྒྱུད་རིམ་ཚང་མ་མ་ལག་དེ་བརྒྱུད་ནས་ལེགས་སྒྲུབ་བྱས་ཏེ་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་མིང་ཐོ་འགོད་པ་ནས་སློབ་གྲྭ་ཐོན་པའི་བར་གྱི་ལྷུ་ཚིགས་ཚང་མའི“གཅིག་འཐུས་རྣམ་པའི”ཞབས་ཞུ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།