འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱིས་འགན་འཁུར་བའི་རྣམ་འགྱུར་ཐོག་ནས"འདོད་སྐོང་མའི"གནད་དོན་ཐག་
    གཅོད་ཡག་པོ་བྱ་རྒྱུར་སྐུལ་ལྕག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་20ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན། གལ་ཏེ“འདོད་སྐོང་མའི”གནད་དོན་གྱི་དཔྱད་གཞི་འཛམ་གླིང་དྲན་ཐོའི་ཤུལ་བཞག་ནང་བཅུག་ཚེ་རི་པིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འགྲོ་གྲོན་གཏོང་མཚམས་འཇོག་སྲིད་ཅེས་འཁོད་པའི་གནས་ཚུལ་ལ་དམིགས་ནས། ཚེས་18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས“འདོད་སྐོང་མའི”དཔྱད་གཞི་འཛམ་གླིང་ཤུལ་བཞག་ནང་རེ་ཞུ་བྱས་པ་དེས་འཛམ་གླིང་མི་དམངས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་མཉམ་དུ་མིའི་རིགས་ཀྱི་ལ་རྒྱ་སྲུང་རྒྱུར་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རི་པིན་ལ་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་བྱེད་པའི་དམ་བཅའ་ལག་བསྟར་ཏན་ཏིག་བྱས་ཏེ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས“འདོད་སྐོང་མའི”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུའི་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་གསུངས།
         གོང་ཚེས་ཉིན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་དང་ཧན་གོ་སོགས་རྒྱལ་ཁབ་བརྒྱད་ཀྱི་དམངས་ཁྲོད་ཚོགས་པས་མཉམ་དུ“འདོད་སྐོང་མའི”གནད་དོན་དཔྱད་གཞི་རེ་ཞུ་བྱས་ཡོད་པ་དེ་ཟླ་རྗེས་མར་ཞིབ་བཤེར་བྱས་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་དྲན་ཐོའི་ཤུལ་བཞག་ནང་བདམས་སྲིད། གལ་ཏེ་ད་ཐེངས་ཀྱི“འདོད་སྐོང་མའི”དཔྱད་གཞི“རེ་ཞུ”ལམ་ལྷོངས་བྱུང་ཚེ་རི་པིན་རྒྱལ་ནང་དུ་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འགྲོ་གྲོན་གཏོང་མཚམས་འཇོག་པའི་འབོད་སྒྲ་མང་དུ་འགྲོ་སྲིད་ཅེས་འཁོད་པར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
         ལུའུ་ཁང་གིས“འདོད་སྐོང་མ”བཙན་བསྡུ་བྱས་པ་ནི་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་བསགས་པའི་སྡིག་ཉེས་ཚབས་ཆེན་ཞིག་ཡིན་པ་དང་། དཔང་རྟགས་ཁུངས་བཙན་ཡོད་པས་ཁས་མ་ལེན་རང་ལེན་རེད། ཀྲུང་གོ་དང་ཧན་གོ་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་དམངས་ཁྲོད་ཚོགས་པ་བཅུ་ལྷག་ཙམ་གྱིས་མཉམ་དུ་《“འདོད་སྐོང་མའི”འབོད་སྒྲ་》འཛམ་གླིང་དྲན་ཐོའི་མིང་གཞུང་ནང་འཇུག་རྒྱུའི་རེ་ཞུ་བྱས་པ་དེས་འཛམ་གླིང་མི་དམངས་ཀྱིས་བཙན་འཛུལ་དམག་འཁྲུག་གི་གདུག་རྩུབ་ཀྱི་ངོས་འཛིན་གང་ལེགས་བྱེད་པ་དང་། ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ། ཞི་བདེར་གཅེས་སྤྲས། མཉམ་དུ་མིའི་རིགས་ཀྱི་ལ་རྒྱ་སྲུང་རྒྱུ་བཅས་ལ་ཕན་ཐོགས་ཡོད་པ་དེ་ནི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དམིགས་ཡུལ་དང་ཡོངས་སུ་མཐུན་ཡོད་ཅེས་གསུངས།
         ཁོང་གིས་ཚོགས་པའི་འགྲོ་གྲོན་ཚང་མ་དུས་ཐོག་ཏུ་འདང་ངེས་འཇལ་དགོས་པ་ནི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཀྱིས་སྒྲུབ་དགོས་ངེས་ཀྱི་འོས་འགན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་རི་པིན་གྱིས་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་བྱེད་པའི་དམ་བཅའ་ལག་བསྟར་ཏན་ཏིག་བྱས་ནས་《“འདོད་སྐོང་མའི”འབོད་སྒྲ་》རེ་ཞུ་བྱེད་པར་ལྟ་སྟངས་ཡང་དག་འཛིན་པ་ལས་མུན་ནག་སྦར་མྱུལ་གྱིས་ཐེ་གཏོགས་མི་བྱེད་པར་འགན་འཁུར་བའི་རྣམ་འགྱུར་ཐོག་ནས“འདོད་སྐོང་མའི”གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།