འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སྐོམ་པའི་གདུང་བ་བསལ་བ། 

    འདི་ག་ཚགས་པར་གྱི་གསར་འགོད་པ། ལིན་ཀྲི་པོ་དང་ལིའུ་ཧའེ་ཐེན། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་14ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཀན་སུའུ་རུ་ཆེས་དཀོན་ཤོས་ནི་ཆུ་ཡིན། ཆུ་དཀོན་པོ་ཡོད་པས་བཟོ་ལས་དང་ཞིང་ལས་འཕེལ་རྒྱས་འགྲོ་དཀའ་བ་མ་ཟད། ཐ་ན་མང་ཚོགས་ཀྱི་འཐུང་ཆུའང་ཧ་ཅང་དཀོན་པོ་ཡོད། ཏིང་ཤིས་ཀེ་ཅ་ཁྲ་གྲོང་རྡལ་པེ་ཕིང་གྲོང་ཚོའི་བགྲེས་སོང་ལི་ཆོན་ཧྥུའུ་ཡིས། ངས་མི་ཚེ་འདིར་ཆུ་རིགས་གསུམ་འཐུང་མྱོང་བ་སྟེ། ཆུང་དུས་ཡུར་བུའི་ཆུ་འཐུང་མྱོང་བ་དང་། དར་མའི་དུས་ཆར་ཆུ་འཐུང་མྱོང་བ། ད་ལྟ་ཀླུ་ཆུའི་རང་འབབ་ཀ་ལའི་ཆུ་འཐུང་བ”བཅས་རེད་ཅེས་བཤད།
          འགྱུར་ལྡོག་འདི་ལྟ་བུ་ནི་ཆུ་བེད་ཉམས་བཟོ་བྱས་པ་ལས་བྱུང་བ་དང་། ཀླུ་ཆུ་འདྲེན་པའི་ལས་གྲྭ་དང་། ཀན་སུའུ་དང་མཚོ་སྔོན་ས་མཚམས་ཀྱི་ཆུ་བོ་ལན་ཀྲོའུ་གྲོང་ཁྱེར་དུ་འདྲེན་པའི་ལས་གྲྭ ཇིང་ཐའེ་ཁྲོན་ཆུ་འཐེན་ཞིང་གཏོང་ལས་གྲྭ་བཅས་ཆུ་བེད་ཀྱི་ལས་གྲྭ་ཆེན་པོ་གསུམ་ལས་ཀན་སུའུ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།
         ཀན་སུའུ་དང་མཚོ་སྔོན་ས་མཚམས་ཀྱི་ཆུ་བོ་ལན་ཀྲོའུ་གྲོང་ཁྱེར་དུ་འདྲེན་པའི་ལས་གྲྭས་དཔའ་རིགས་རྫོང་མཆོད་རྟེན་ཐང་དགོན་བཀྲ་ཤིས་དར་རྒྱས་གླིང་གྲོང་རྡལ་གྱི་ཏ་ཐུང་གཙང་པོ་དུས་ཡུན་རིང་པོ་སྐམ་ས་དང་བྱེ་རླུང་ལྡང་བའི་ཆིན་ཝང་ཁྲོན་དུ་འདྲེན་ཡོད།
         ཆུ་མ་འདྲེན་གོང་གི་ཆིན་ཝང་ཁྲོན་དུ་ལོར་ཇིང་ཐའེ་ཁྲོན་གྱི་གྲོ་མུའུ་རེ་ནས་རྒྱ་མ་120ཁོ་ན་ལས་ཐོན་གྱི་མེད། ཏ་ཐུང་གཙང་པོ་འདྲེན་རྗེས་གྲོ་མུའུ་རེ་ནས་ཐོན་ཚད་རྒྱ་མ་800ཙམ་ཟིན་གྱི་ཡོད་པས། ད་ཆ་ལྟོ་གོས་མ་འཕྱིད་པའི་སེམས་ཁྲལ་མེད་པར་ཚང་མས་རིག་གནས་འཚོ་བ་དང་བསམ་པའི་དཔལ་ཡོན་དོན་གཉེར་བྱེད་འགོ་བཙུགས་ཡོད་ཅེས་བཤད།
         “མཆོད་རྟེན་ཐང་དགོན་བཀྲ་ཤིས་དར་རྒྱས་གླིང་གི་ཆུ་འདྲེན་པས་བུ་མོ་ཚང་མ་རྒྱ་བྱ་ལྟར་དུ་གྱུར”ཡུལ་མི་སྤུན་མཆེད་ཚོས། དེ་སྔ་ཆིན་ཝང་ཁྲོན་དུ་ཐང་རྒོད་ཡིན་པས་མི་རྣམས་ཀྱིས་བྱེ་རླུང་ཁྲོད་སྐྱོད་པ་དང་བུ་མོ་ཚོའི་མཁུར་ཚོས་དམར་པོ་ཡིན་པ་དང་། ཆུ་འདྲེན་རྗེས་རྩྭ་་རྩི་ཤིང་རྒྱས་ནས་ཐོག་བརྩེགས་ཁང་པ་དང་སྙོམས་པ་དང་། བྱེ་རླུང་ཆུང་དུ་ཕྱིན་པ་མ་ཟད་བུ་མོ་ཚོའི་གདོང་གཤིས་ཀྱང་དཀར་དུ་སོང་ཡོད་ཅེས་ངོ་སྤྲོད་བྱས།
         “ཀན་སུའུ་དང་མཚོ་སྔོན་ས་མཚམས་ཀྱི་ཆུ་བོ་ལན་ཀྲོའུ་གྲོང་ཁྱེར་དུ་འདྲེན་པའི་ལས་གྲྭ”མེད་ཚེ་ད་ལྟའི་ལན་ཀྲོའུ་ཁུལ་གསར་ཡང་ཡོང་མི་སྲིད། ཁུལ་གསར་གྱི་ཀྲུང་ཁྲོན་གནམ་ཐང་གིས་སྔ་ས་ནས་ལོར་མི་སྐྱེལ་འདྲེན་བྱེད་ཚད་ཁྲི་ཆིག་སྟོང་གི་འགག་སྒོ་ཆེན་པོ་ལས་སྒྲོལ་ནས་མཁའ་འགྲུལ་བབས་ཚུགས་ཐོག་ཁང་གསར་པ་ཞིག་བསྐྲུན་རེ་བྱེད་ཀྱི་ཡོད། གྲོང་ཁྱེར་གྱི་ཆུ་སྤྱོད་སྲུང་སྐྱོབ་བྱ་ཆེད། ཁུལ་གསར་གྱི་ཏུན་ཁྲི་20ཡི་ཆུ་བཟོ་གྲྭས་ཉིན་མཚན་མེད་པར་འཁོར་སྐྱོད་བྱས་ཏེ་གཙང་བཟོ་བྱས་པའི་ཏ་ཐུང་གཙང་པོའི་ཆུ་ཁྱིམ་ཚང་ཁྲི་སྟོང་མང་པོར་འཁྲིད་ཡོད། འཆར་འགོད་གཞིར་བཟུང་། ཁུལ་གསར་གྱིས་ད་དུང་མཚེའུ་མང་གྲོང་ཁྱེར་གཏོད་པ་དང་ཆབས་ཅིག་ཆུ་ཐོག་གི་རོལ་རྩེད་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་རེད། ལོ་སྟོང་ཕྲག་མང་པོ་ཐན་པ་བསྟན་པའི་ཆིན་ཝང་ཁྲོན་ཆུའི་གྲོང་ཁྱེར་གྱི་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།
         མཛེས་ལྗོངས་ལྟ་ན་སྡུག་པ་དང་། སེམས་རང་བཞིན་ངང་ལྷོད་ལ་བབས་པ། འབྲས་དང་འབྲུ་རིགས་ཀྱི་ཕ་ཡུལ་ཞེས་འབོད་པའི་ད་ལྟའི་ཇིང་ཐའེ་ཁྲོན་མཛེས་སྡུག་ལྷག་པར་ལྡན། འོན་ཀྱང་ཇིང་ཐའེ་ཁྲོན་ཆུ་འཐེན་ཞིང་གཏོང་ལས་གྲྭ་ལས་འགོ་མ་བཙུགས་གོང་དེ་གར་ལུང་སྟོང་ཡིན་པ་ཕུད་ཡིད་སྐྱོ་དགོས་པ་ཞིག་ཡོད། ལི་ཕེ་ཧྥུའུ་ཡིས་ཚབ་མཚོན་དུ་བྱས་པའི་ཇིང་ཐའེ་ཁྲོན་ཆུ་འཐེན་ཞིང་གཏོང་མི་རབས་དང་པོས་ས་ཆ་དེར་འགྱུར་ལྡོག་བཏང་ཡོད།
         ཀྲའོ་ཅན་ལིན་གྱིས་ལི་ཕེ་ཧུའུ་ཡི་ས་ནས་རྒྱུན་འཛིན་བྱས་པ་ནི་འབད་འཐབ་ཙམ་མ་ཡིན་པར་དེ་བས་གསར་གཏོད་འཕེལ་རྒྱས་ཀྱི་ནུས་པ་ལྡན་ཡོད། ད་ལྟའི་ཇིང་ཐའེ་ཁྲོན་ཆུ་འཐེན་ཞིང་གཏོང་ལས་གྲྭ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཡིན་པའི་ངོས་ནས། ཁོང་གིས་རྒྱུན་གཏན་གྱི་ཆུ་བེད་ལས་ཀ་བྱེད་པ་ཕུད། ད་དུང་ཆུའི་ལས་ལ་གཞོལ་རྒྱུར་མཐོང་ཆེན་བྱས་ནས་ཇིང་ཐའེ་ཁྲོན་ཆུ་འཐེན་ཞིང་གཏོང་ལས་གྲྭའི་ཆུ་ཀ་ལ་དང་ཆུ་ཡུར་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་བཏོད་ཡོད་པ་རེད།
         འབུམ་རམས་པ་སུང་དབྱང་ནི་རྣམ་གྲངས་དེ་དག་གི་སྤྱིའི་འཆར་འགོད་པ་རེད། སྤྱིར་བཏང་གི་མིས་ཁོང་ནི་ཧྥ་རན་སེ་དང་འཇར་མན་དུ་གནས་སྡོད་མི་བྱེད་པ་མ་ཟད་པེ་ཅིང་དང་ཧྲེན་ཀྲེན་དུའང་མི་སྡོད་པར་ཀན་སུའུ་ཡི་ལུང་སྟོང་ཐོག་སྡུག་པོ་མྱོང་བར་ཡོང་མཁན་མི་ཡ་མཚན་ཅན་ཞིག་ལ་བརྩི་ཡི་ཡོད། འོན་ཀྱང་སུང་དབྱང་གིས་ས་ཆ་དེ་ནོར་བུ་ཞིག་ལ་བརྩིས་ནས་སྒྱུ་རྩལ་འཆར་འགོད་དང་ཡུལ་སྐོར་གསར་སྤེལ་བྱེད་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།