འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རིན་གོང་ཆེས་ཆེ་བའི་ཀུ་ཤུ་ལག་འཁྱེར་ཁ་པར་iPhone Xཚོང་རར་བཏོན་ཞིང་
    མིའི་གདོང་གིས་ཤན་འབྱེད་ངོས་འཛིན་བྱེད་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་13ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རིན་གོང་ཆེས་ཆེ་བའི་ཀུ་ཤུ་ལག་འཁྱེར་ཁ་པར་iPhone Xཚོང་རར་བཏོན་ཞིང་
མིའི་གདོང་གིས་ཤན་འབྱེད་ངོས་འཛིན་བྱེད་ཐུབ་པ།
         iPhone 8དང་iPhone 8 Plusལ་སྔར་བཞིན་Touch IDཡོད་པ་དང་། ད་དུང་ཁྱད་ཆོས་གཅིག་ཡོད་པ་ནི་དེའི་གཟུགས་རིས་ཚོར་འདྲེན་ཆས་ལ་ARལག་རྩལ་བསྣན་ཡོད་པ་དང་། iPhoneགཞན་པ་དང་བསྡུར་ན་iPhone Xལ་མདུན་ངོས་ཀྱི་(homeམཐེབ་བཀྱག་)མེད་པར་བཟོས་པ་རེད།
         iPhone Xསྒོ་འབྱེད་དུས། བེད་སྤྱོད་མཁན་གྱིས་དེར་ལྟ་བ་ཙམ་གྱིས་སྒོ་འབྱེད་ཐུབ་ཀྱི་ཡོད་མོད། འོན་ཀྱང་མིག་བཙུམས་པ་ཡིན་ན་འབྱེད་ཐུབ་ཀྱི་མེད་པ་དང་། བེད་སྤྱོད་མཁན་གྱིས་ཞྭ་མོ་གོན་པ་དང་མིག་ཤེལ་བརྒྱབ་པའི་སྐབས་སུའང་གདོང་གི་ཤན་འབྱེད་སྔར་བཞིན་བེད་སྤྱོད་བྱས་ཆོག ཡིན་ནའང་། པར་རིས་སྤྱད་ནས་འབྱེད་ཐུབ་ཀྱི་མེད་པ་རེད།
         གཞན་ཡང་། iPhoneགསར་པ་གསུམ་པོར་སྐུད་མེད་པར་གློག་གསོག་ཐུབ་པ་རེད། 
         རིན་གོང་གི་ཐད་ལ་iPhone 8ཡི་རིན་གོང་དམའ་ཤོས་ནི་སྒོར་5888ཡིན་པ་དང་། iPhone 8 Plus ཡི་རིན་གོང་དམའ་ཤོས་ནི་6688ཡིན་ཞིང་། འདི་གཉིས་ཀ་ཟླ་9ཚེས་15ཉིན་སྔོན་མངག་བྱ་རྒྱུ་ཡིན་པ་དང་། ཟླ་9ཚེས་22ཉིན་འཚོང་འགོ་འཛུགས་རྒྱུ་རེད། iPhone Xནི་ཟླ་10ཚེས་27ཉིན་ནས་སྔོན་མངག་བྱ་རྒྱུ་ཡིན་པ་དང་། ཟླ་11ཚེས་3ཉིན་ནས་འཚོང་འགོ་འཛུགས་རྒྱུ་ཡིན་ཞིང་། པར་གཞི་64Gཡི་རིན་གོང་སྒོར་8388ཡིན་པ་དང་། རྩེར་སོན་གྱི་པར་གཞི་256GBཡི་རིན་གོང་སྒོར་9688རེད།
    【1】  【2】
    ༄༅།།རིན་གོང་ཆེས་ཆེ་བའི་ཀུ་ཤུ་ལག་འཁྱེར་ཁ་པར་iPhone Xཚོང་རར་བཏོན་ཞིང་
མིའི་གདོང་གིས་ཤན་འབྱེད་ངོས་འཛིན་བྱེད་ཐུབ་པ།
      

    ཕྱོགས་བསྡུས་གསར་འགྱུར།