འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རིན་གོང་ཆེས་ཆེ་བའི་ཀུ་ཤུ་ལག་འཁྱེར་ཁ་པར་iPhone Xཚོང་རར་བཏོན་ཞིང་
    མིའི་གདོང་གིས་ཤན་འབྱེད་ངོས་འཛིན་བྱེད་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་13ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རིན་གོང་ཆེས་ཆེ་བའི་ཀུ་ཤུ་ལག་འཁྱེར་ཁ་པར་iPhone Xཚོང་རར་བཏོན་ཞིང་
མིའི་གདོང་གིས་ཤན་འབྱེད་ངོས་འཛིན་བྱེད་ཐུབ་པ། 
         མི་དམངས་དྲ་བའི་འཕྲིན། པེ་ཅིང་དུས་ཚོད་ཟླ་9ཚེས་13ཉིན་གྱི་སྔ་དྲོར། ཀུ་ཤུ་ཀུང་སི་ཡིས་ཀུ་ཤུ་ལག་འཁྱེར་ཁ་པར་གསར་པ་རིགས་གསུམ་ཁྱབ་སྤེལ་བྱས་པ་སྟེ། དབྱིན་ཚུན་4.7ཅན་གྱི་iPhone 8དང་། དབྱིན་ཚུན5.5ཅན་གྱི་iPhone 8 Plus དབྱིན་ཚུན་5.8ཅན་གྱི་iPhone Xབཅས་རེད། དེའི་ཁྲོད་དུ་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱས་པའི་iPhone Xནི་ལོ་རྒྱུས་ཐོག་ཏུ་རིན་གོང་ཆེས་ཆེ་བ་ཡིན་པ་དང་། རིན་གོང་ཆུང་ཤོས་ལའང་སྒོར་8388ཡིན་ཞིང། རྩེར་སོན་པར་གཞིའི་རིན་གོང་སྒོར་ཁྲི་ལ་ཉེ་བ་རེད། 
         iPhoneགསར་པ་རིགས་གསུམ་ནི་མཁའ་དབྱིངས་རིམ་པའི་ཧ་ཡང་གི་རྒྱུ་ཆ་ལས་ཇུས་འགོད་བྱས་པ་ཡིན་པ་དང་། མདུན་རྒྱབ་གཉིས་ཀ་ཤེལ་ངོས་ཡིན་ཞིང་། དེས་ཆུ་དང་ས་རྡུལ་བཀག་ཐུབ་ལ། ད་དུང་སྐུད་མེད་གློག་གསོག་ཐུབ་པ་རེད། དེ་དང་དུས་མཉམ་དུ་རབས་གསར་པའི་A11 Bionicསྒྲིག་གཅོད་ཆས་བཀོད་སྒྲིག་བྱས་ཡོད་པས། འཁོར་སྐྱོད་མྱུར་ཚད་ནི་རབས་སྔོན་མའི་A10སྒྲིག་གཅོད་ཆས་ལས་30%མྱུར་བ་མ་ཟད། ད་དུང་དབང་རྩའི་དྲ་རྒྱ་སྒུལ་བྱེད་འཕྲུལ་འཁོར་འདུས་གྲུབ་བྱས་པ་རེད།
         iPhone 8དང་iPhone 8 Plusལ་ཁ་མདོག་གསུམ་བདམས་གསེས་བྱས་ཆོག་པ་སྟེ། དངུལ་མདོག་དང་སྐྱ་མདོག གསེར་མདོག་བཅས་གསུམ་ཡིན་པ་དང་། iPhone Xནི་དངུལ་མདོག་དང་སྐྱ་མདོག་ཡོད་པ། ལག་འཁྱེར་ཁ་པར་རིགས་གསུམ་པོར་པར་གཞི་64Gདང་256Gཡོད་པ་རེད།
         པར་ལེན་གྱི་ཐད་ནས། ལག་འཁྱེར་ཁ་པར་གསུམ་པོར་བརྙན་རྒྱུ་ཁྲི་700ཡི་སྔོན་སྒྲིག་བརྙན་མིག་བཀོད་སྒྲིག་བྱས་ཡོད། iPhone 8ལ་སྔར་བཞིན་བརྙན་རྒྱུ་ཁྲི་1200ཡི་རྒྱབ་སྒྲིག་བརྙན་མིག་རྐྱང་པ་བཀོད་སྒྲིག་བྱས་ཡོད་ཅིང་། འོད་རིག་གི་འདར་འགོག་ཐུབ་པ་དང་། iPhone 8 Plusདང་iPhone Xལ་བརྙན་རྒྱུ་ཁྲི་1200ཡི་རྒྱ་ཆེ་བའི་ཟུར་དང་མདོ་ཐག་རིང་པོའི་བརྙན་མིག་གི་ཤེལ་སྒོ་གཉིས་སྒྲིག་བཀོད་བྱས་ཡོད་པ་རེད། iPhone 8 Plusརྒྱབ་སྒྲིག་བརྙན་མིག་གཉིས་ཀྱི་འཕྲུལ་འཁོར་གཙོ་བོ་སློབ་སྦྱོང་བྱེད་མཁན་གྱིས་མིའི་བརྙན་པར་རྒྱབ་ལྗོངས་རྟོག་བཟོའི་བརྙན་ལེན་བྱེད་སྐབས་འཁོར་ཚད་60fpsཡི་བརྙན་རིས་4Kལེན་ཐུབ་པ་དང་། iPhone Xལ་འོད་རིག་བརྟན་པོ་གཉིས་དང་བརྙན་མིག་གཉིས་ཀྱི་འོད་རིག་འདར་འགོག་བརྙན་ལེན་བྱེད་ཐུབ་པ་རེད།
    【1】  【2】
    ༄༅།།རིན་གོང་ཆེས་ཆེ་བའི་ཀུ་ཤུ་ལག་འཁྱེར་ཁ་པར་iPhone Xཚོང་རར་བཏོན་ཞིང་
མིའི་གདོང་གིས་ཤན་འབྱེད་ངོས་འཛིན་བྱེད་ཐུབ་པ། 
      

    ཕྱོགས་བསྡུས་གསར་འགྱུར།