འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིའི་མི་གྲངས་ལ་ཞབས་ཞུའི་ཉམས་མྱོང་སྤེལ་རེས་ཚོགས་
    འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་13ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན་ནས་ཚེས་12ཉིན་བར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གྲོང་ཁྱེར་ལ་བསྐྱོད་པའི་ལས་གཉེར་མི་སྣར་སྐད་ཆ་རིག་གནས་སྲིད་ཇུས་སློབ་གསོ་སོགས་ཐད་ཀྱི་ཞབས་ཞུའི་ལས་དོན་ཡུལ་དངོས་ཉམས་མྱོང་སྤེལ་རེས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ས་གནས་ཁག་གི་ལས་དོན་སྒྲུབ་སྟངས་དང་གྲུབ་འབྲས་ཕྱོགས་བསྡོམས་དང་སྤེལ་རེས་བྱས་པ་དང་། རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
         རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅི་པ་ཐེར་གྱིས་གསུང་བཤད་གནང་སྟེ་གྲངས་ཉུང་མི་རིགས་ཀྱི་གྲོང་ཁྱེར་ལ་བསྐྱོད་པའི་ལས་གཉེར་མི་སྣར་སྐད་ཆ་རིག་གནས་སྲིད་ཇུས་སློབ་གསོ་སོགས་ཐད་ཀྱི་ཞབས་ཞུའི་ལས་དོན་ལེགས་འགྲུབ་བྱ་རྒྱུ་ནི་མི་རིགས་ཁག་བར་འབྲེལ་གཏུག་དང་སྤེལ་རེས། མཐུན་འབྲེལ་བཅས་ལ་སྐུལ་སྤེལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཇེ་ཆེར་གཏོང་བར་དགོས་གཏུག་ཆེ་བའི་ལས་འགན་ཞིག་རེད། ས་གནས་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་ནན་ཏན་བསྟར་ནས་གྲོང་ཁྱེར་གྱི་མི་རིགས་ལས་དོན་ཐད་གྲངས་ཉུང་མི་རིགས་ཀྱི་གྲོང་ཁྱེར་ལ་བསྐྱོད་པའི་ལས་གཉེར་མང་ཚོགས་ཀྱིས་སྐད་ཆ་དང་རིག་གནས། སྲིད་ཇུས་བཅས་སློབ་སྦྱོང་བྱ་རྒྱུ་དམ་འཛིན་བྱས་ཏེ་ཉམས་མྱོང་བཟང་པོ་དང་བྱེད་སྟངས་ལེགས་པོ་ཧ་ཅང་མང་པོ་བསགས་ཡོད་པ་དང་། སྔོན་ཐོན་མིག་དཔེ་འབོར་ཆེན་ཞིག་གསར་སྐྲུན་བྱས་པས། ཕྱོགས་བསྡོམས་ནན་ཏན་བྱེད་རིན་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།