འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱི་ས་མཐོའི་བོད་རིགས་ས་ཁུལ་སོགས"ཡུག་སྦྲེལ་ཁུལ་ཆེན་པོ་བཞིར"དབུལ་སྐྱོར་
    རྣམ་གྲངས་36གསར་དུ་བསྣན་པར་མ་དངུལ་སྒོར་དུང་ཕྱུར་ཆིག་
    སྟོང་ལྷག་ཙམ་གཏོང་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་09ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ས་ཁུལ་དབུལ་པོའི“རང་བརྟེན”འཇོན་ཐང་ཆེ་རུ་བཏང་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཐོན་ལས་ལམ་བུ་ཞིག་ཆགས་པར་བྱེད་ཆེད། འདི་ལོ་སི་ཁྲོན་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་དབུལ་སྐྱོར“ཡུག་སྦྲེལ་ཁུལ་ཆེན་པོ་བཞིར”རྣམ་གྲངས་36གསར་དུ་བསྣན་པར་མ་དངུལ་སྒོར་དུང་ཕྱུར་1203གཏོང་རྩིས་ཡོད་པ་དེ་ནུས་རྒྱུ་དང་། འགྲིམ་འགྲུལ། གཏེར་ཁ་གསར་སྤེལ། ཡུལ་སྐོར། སྨན་བཅོས། ཞིང་ལས་ཐོན་རྫས་ལས་སྣོན་སོགས་དང་འབྲེལ་ཡོད།
            ས་མཐོའི་བོད་རིགས་ས་ཁུལ་དང་། ལེའང་ཧྲན་ཆེ་ཆུང་གི་དབྱིས་རིགས་ས་ཁུལ། ཆིང་པཱ་རི་ཁུལ། ཝུའུ་མོང་རི་ཁུལ་བཅས“ཡུག་སྦྲེལ་ཁུལ་ཆེན་པོ་བཞི”ནི་སི་ཁྲོན་ཞིང་ཆེན་གྱི་དབུལ་སྐྱོར་འགག་སྒྲོལ་གྱི་གཡུལ་ས་གཙོ་བོ་རེད། 2017ལོར་སི་ཁྲོན་གྱིས་རྫོང་དབུལ་པོ་16གི་དབུལ་ཞྭ་འབུད་རྒྱུ་དང་། གྲོང་ཚོ་དབུལ་པོ་3700དབུལ་ཁོངས་ནས་འདོན་ཐུབ་པ་བྱ་རྒྱུ། དབུལ་པོ་ཁྲི་105དབུལ་སྒྲོལ་བྱ་རྒྱུ་བཅས་ཀྱི་འཆར་གཞི་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་53གྱིས“ཡུག་སྦྲེལ་ཁུལ་ཆེན་པོ་བཞིའི”རྫོང་དབུལ་པོ་48ཀྱི་གྲོང་ཚོ་དབུལ་པོ་86གི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་འཁུར་ཡོད་པ་ལས་ཁེ་ལས་38ཀྱིས་དབྱིས་རིགས་ས་ཁུལ་དང་བོད་རིགས་ས་ཁུལ་གྱི་རྫོང་ཤིན་ཏུ་དབུལ་བ་28ཀྱི་གྲོང་ཚོ་དབུལ་པོ་51ལ་ཁ་གཏད་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད། འདི་ལོ་སྔོན་དཔག་བྱས་ན་གྲོང་ཚོ་དབུལ་པོ་18ཀྱི་དུད་ཚང་དབུལ་པོ་375ཡི་དབུལ་སྒྲོལ་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད།
           སི་ཁྲོན་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་ཆེད། ཁ་གཏད་རོགས་སྐྱོར་བྱེད་མཁན་གཞུང་ཁོངས་ཁེ་ལས་ཀྱིས་ད་དུང་དབུལ་སྒྲོལ་འབབ་འཕར་དང་ལས་མི་བཀོལ་སྤྱོད་སོགས་ཀྱི་ཐད་ནས་འགོ་བརྩམས་ཏེ་རོགས་སྐྱོར་བྱེད་སྟངས་ལེགས་སུ་བཏང་ཡོད་དེ། “དཔེར་ན་ཁྱད་ལྡན་ཐོན་ལས་རྣམ་གྲངས་ཁག་གཅིག་སྐྱེད་སྲིང་བྱས་ནས་ཐོན་སྐྱེད་དང་། མཁོ་འདོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ལམ་བུར་བསྐྱོད་པ་དང་། ཁེ་ལས་ཀྱིས་ལག་བསྟར་བྱེད་བཞིན་པའི་རྣམ་གྲངས་ལ་བརྟེན་ནས་གནས་གཏན་འཁེལ་གྱིས་གདན་ཞུ་དང་ལས་ཞུགས་དབུལ་སྐྱོར་སོགས་བྱས་པ་ལྟ་བུ་རེད”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།