འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཚན་རིག་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད་ལོ་བཞི་བཅུའི་རིང་མཚོ་བོད་ས་མཐོར་
    དབྱར་དུས་ཆར་པ་འབབ་ཚད་མང་དུ་ཕྱིན་པ་ཤེས་རྟོགས་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་09ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་ཁང་གི་ཚན་ཞིབ་མི་སྣའི་ཞིབ་འཇུག་འབྲས་བུ་གསར་ཤོས་ལས་མངོན་པར། ལོ་བཞི་བཅུ་ཙམ་རིང་མཚོ་བོད་ས་མཐོར་ཟླ་བ་ལྔ་པ་ནས་དྲུག་པའི་བར་གྱི་དབྱར་དུས་སུ་ཆར་པ་འབབ་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པར་བརྟེན་རི་ཀླུང་ཡང་མངོན་གསལ་དོད་པོས་སྔོ་ལྗང་དུ་གྱུར་པ་ཤེས་རྟོགས་བྱུང་ཡོད། གང་དེས་མཚོ་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་ལ་དཔང་པོ་བྱས་པ་དང་། གོང་གསལ་གྱི་གནས་ཚུལ་དེ་ཉེ་ཆར་《ས་གོ་ལའི་དངོས་ཁམས་རིག་པའི་ཞིབ་འཇུག་དུས་དེབ—རླུང་ཁམས་ཆེ་མོའི་》ཐོག་བཀོད་ཡོད།
           ཀྲུང་གོ་ཚན་རིག་ཁང་གི་ཀྲང་ཝུན་ཞ་ཡིས་ཆར་པ་འབབ་ཚད་མང་དུ་ཕྱིན་པ་དེས་ཆུ་བོའི་སྨད་རྒྱུད་ས་ཁུལ་གྱི་ཞིང་ལས་སྐྱེ་དངོས་ལ་ཆུ་འདྲེན་ཐུབ་པ་དང་ས་མཐོའི་ས་རྒྱུ་བརླན་ཚད་དེ་དབྱར་འགོ་ལས་མང་དུ་ཕྱིན་པའི་ཁར་ཆར་པ་འབབ་དུས་ནི་སྤང་རྩྭ་སྐྱེ་བའི་དུས་ཀྱང་ཡིན་པས་སྤང་རྩྭ་ཡག་པོ་སྐྱེས་ཏེ་རི་ཀླུང་དག་སྔོན་པོར་གྱུར་ཡོད། གཞན་ཡང་མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་དུ་ཆར་པ་འབབ་ཚད་མང་དུ་ཕྱིན་པར་བརྟེན་ཆུ་བོའི་སྨད་རྒྱུད་ས་ཁུལ་དུ་ཆུ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།
          མཚོ་བོད་ས་མཐོར་འཚོ་བ་སྐྱེལ་མཁན་མི་རྣམས་ཀྱིས་ཆར་པ་མང་པོ་བབས་པའི་གནམ་གཤིས་ཀྱི་འགྱུར་ལྡོག་ཚོར་ཡོད་ཅིང་། དཔེར་ན་ལྷ་སར་མཚོན་ན། འདི་ལོ་ཆར་པ་འབབ་ཚད་མང་བ་དང་སྐབས་འགར་ཉིན་གང་ཆར་པ་བབས་པར་བརྟེན་གྲོང་ཁུལ་ལྷོ་བྱང་གི་རི་བོ་རིམ་གྱིས་སྔོན་པོར་གྱུར་པ་དང་དབྱར་དུས་གྲོང་ཁུལ་གྱི་སྤང་ཡང་སྔོ་སིང་སིང་དུ་འགྱུར་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།